དབུ་ཤོག>གསར་འགྱུར།
  • མངའ་རིས་ཀྱི་ཤང་གྲོང་ཚང་མར་ཞིང་ཕན་དངུལ་ལེན་ཞབས་ཞུ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2015-04-21

    གསར་འགོད་པས་ཉེ་དུས་ཀྲུང་གོ་མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར། མངའ་རིས་ས་ཁུལ་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་རྨང་གཞིའི་ཞབས་ཞུའི་སྒྲིག་ཆས་ཚད་བརྒལ་རང་བཞིན་གྱིས་ལེགས་སུ་སོང་ཞིང་། ཟླ་གསུམ་པའི་ཟླ་མཇུག་བར་ས་ཁུལ་ཡོངས་སུ་ཞིང་ཕན་དངུལ་ལེན་ཞབས་ཞུའི་ས་ཚིགས་216འཕེལ་རྒྱས་བཏང་བ་དེ་ཤང་གྲོང་37དང་སྲིད་འཛིན་གྲོང་ཚོ་143ལ་ཁྱབ་པ་དང་། ཤང་གྲོང་ལ་ཁྱབ་ཚད་100%ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མངའ་རིས་ས་ཁུལ་དང་བོད་ཀྱི་ས་ཁུལ་གཞན་དག་དབར་གྱི་གཏོང་སྤྲོད་ཞབས་ཞུའི་ཆུ་ཚད་ཀྱི་ཧེ་བག་ཆུང་དུ་བཏང་ཞིང་། དུས་འགོའི་བརྟག་དཔྱད་དང་ཞིང་འབྲེལ་དངུལ་ཁང་སྒྲིག་གཞིའི་དབར་མཐུན་སྦྱོར་གང་ལེགས་བྱས་རྗེས《མངའ་རིས་ཀྱི་ཞིང་འབྲོག་ཁུལ་དུ་གཏོང་སྤྲོད་ཁོར་ཡུག་འཛུགས་སྐྱོང་གི་ལག་བསྟར་བསམ་འཆར》བཟོས་ནས“ཤང་ཚང་མར་དངུལ་ཁང་དྲ་ཚུགས་ཡོད་པ་དང་། གྲོང་ཚོ་ཚང་མར་དངུལ་རྩའི་ཞབས་ཞུ་ཡོད་པ། དུད་ཚང་ཚང་མར་དངུལ་ཁང་གཱ་ཡོད་པ”བཅས་ཀྱི་ལས་ཀའི་དམིགས་ཚད་ཁ་གསལ་ཡོང་བ་དང་འཕྲིན་གཏོང་དང་གློག་ཤུགས་སོགས་སྡེ་ཚན་དང་འབྲེལ་བ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་གྲོང་གསེབ་ཁག་ཏུ་ཞིང་ཕན་དངུལ་ལེན་ཞབས་ཞུ་འཕེལ་རྒྱས་གཏོང་བར་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་རིམ་བཞིན་ཐག་གཅོད་བྱས་པས་ཞིང་ཕན་དངུལ་ལེན་ཞབས་ཞུ་དེ་ཤང་གྲོང་ཚང་མར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།