དབུ་ཤོག>གསར་འགྱུར།
  • ཏང་གི་འགོ་ཁྲིད་འོག་བོད་ལྗོངས་གསར་པ་སྔར་བས་བདེ་སྐྱིད་ལྡན།

  •     སྤེལ་དུས།  2015-04-20

    འགྲོ་ལམ་གྱིས་ལས་དབང་ཐག་གཅོད་བྱེད།  འགྲོ་ལམ་ནི་ང་ཚོས་དུས་ཡུན་ཧ་ཅང་རིང་བའི་ནང་བརྩི་སྲུང་བྱེད་དགོས་པའི་སློབ་སྟོན་གྱི་བསམ་བློ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་ཞིང་།  ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྱི་འགྲོ་ལམ་རྒྱུན་མཁྱོངས་བྱས་པ་བརྒྱུད།  བོད་ལྗོངས་གསར་པ་ཡང་དག་པའི་འཕེལ་རྒྱས་གྱི་ལམ་བུར་བསྐྱོད་ཐུབ་པ་བྱུང་།

    བོད་ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་ཀྱི་མི་དམངས་ལ་རང་དབང་དང་། འདྲ་མཉམ། གུས་བཀུར་ཐོབ་ནས།  དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་བཞིན་པ་དང་།  མཐུན་སྒྲིལ་དང་།  དམངས་གཙོ།  འབྱོར་ཕྱུག།  ཤེས་དཔལ།  ཞི་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད།  བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ནི་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡོངས་སུ་མཐུན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་ཐུན་མོང་གི་བསམ་འདུན་དང་ཡོངས་སུ་མཐུན་ཡོད་པ་དེ་ནི་ཀྲུང་གོ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བའི་འབྲས་བུ་ལྡོག་མེད་ཅིག་དང་།  མིའི་རིགས་ཀྱིས་བདེ་སྐྱིད་སྤྱི་ཚོགས་བརྩོན་ལེན་བྱེད་པའི་ཡར་ཐོན་གྱི་སྙིང་སྟོབས་ཤིག་ཡིན་པ་དེ་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་རེད།  ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་འཐུས་ཚང་འགྲོ་བ་དང་སྦྲགས།  བོད་ཀྱི་དམངས་གཙོའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དང་།  དམངས་གཙོའི་རྣམ་པ་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།  ལོ་མང་རིང་།  ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ཚད་མཐོའི་མཐོང་ཆེན་འོག་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད་པ་རེད།  བོད་ཀྱི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་པར་རྩ་ཆེ་ལ་གཏིང་གཟབ་པའི་བློ་སྒོ་འབྱེད་ཡོད།  བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་དེ་ཡང་དག་པའི་འགྲོ་ལམ་གདམ་ཁ་བྱེད་པ་དང་བྲལ་ཐབས་མེད་ལ་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་རམ་དང་བྲལ་ཐབས་མེད་པ་དང་།  མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་དང་ཁ་བྲལ་ཐབས་མེད།  བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ནི་ང་ཚོས་མིག་མཐོང་ལག་ཟིན་རེད།

    བོད་ལྗོངས་གསར་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད།  འགྲོ་ལམ་དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་།  དུས་རབས་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་མཐུན་པ།  དེ་ནི་བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་འགྲོ་ལམ་ལྡོག་མེད་ཅིག་ཡིན།  འགྲོ་ལམ་དེ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་ཐུབ་ངེས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།