དབུ་ཤོག>གསར་འགྱུར།
  • བོད་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཛུགས་སྐྲུན་རྣམ་གྲངས་སྤྱིར་ན་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-19

    གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་ལྗོངས་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཛུགས་སྐྲུན་རྣམ་གྲངས་སྤྱིར་ན་ལེགས་གྲུབ་བྱུང་ཡོད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་2015ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་ལྗོངས་ཀྱི་སྤྱི་པའི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་དྲ་བ་དེ་སྔར་བས་འཐུས་ཚང་དུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། རང་ལྗོངས་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་རྒྱལ་ཁབ་ཀྱིས་མ་འཇོག་བྱས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་རོགས་སྐྲུན་བྱས་པ། ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་དངུལ་གྱི་རྒྱབ་སྐྱོར་སོགས་ལ་བརྟེན་ནས་བསྐྲུན་ཟིན་པ་རེད། མིག་སྔར་རང་ལྗོངས་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཛུགས་སྐྲུན་རྣམ་གྲངས་སྤྱིར་ན་གྲུབ་ཡོད། 2015ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་ལྗོངས་སུ་སྤྱིར་ན་གྲོང་ཚོ་ཀུན་ལ་ལུས་སྦྱོང་ར་བ་དང་རྫོང་ཀུན་ལ་ལུས་སྦྱོང་ར་བ། ས་ཁུལ(གྲོང་ཁྱེར)(སྲིད་འཛིན་ཀུང་ཧྲུའུ)སྲིད་གཞུང་གནས་ཡུལ་དུ་ལུས་རྩལ་ཐང་བཅས་ཡོད་པའི་སྤྱི་པའི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་ཞིག་སྤྱིར་ན་ཆགས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།