དབུ་ཤོག>གསར་འགྱུར།
  • ཆུ་གསུམ་རྫོང་གིས་དུས་ཚིགས་དང་པོར་ཁྲལ་འབབ་བཟང་བའི་འགོ་ཡག་པོ་ཞིག་བཙུགས་པ།

  • ཡོང་ཁུངས།  ​ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-17
     འདི་ལོ་ནས་བཟུང་ཆུ་གསུམ་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་འབབ་བསྡུ་བའི་ལྟེ་བའི་ལས་ཀར་དམིགས་ཏེ་ས་གནས་ཀྱི་ཁྲལ་ཁུངས་ཞན་པ་སོགས་ཀྱི་དཀའ་ངལ་ཁྱད་་བསད་བྱས་ནས་གཞུང་བསྡུ་དང་དོ་དམ་གྱི་བྱ་ཐབས་རྒྱུན་ཆད་མེད་པར་ནན་དུ་བཏང་སྟེ་བསྡུ་རྒྱུ་ཆད་ལུས་མེད་པའི་ཐོག་ནས་ཁྲལ་འབབ་གྲངས་ཚང་བཀར་འཇུག་གིས་དུས་ཚིགས་དང་པོར་འགོ་ཡག་པོ་ཞིག་བཙུགས་པས་ལོ་ཧྲིལ་པོའི་ཁྲལ་འབབ་ལས་འགན་ལེགས་གྲུབ་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཅིང་། བསྡོམས་རྩིས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རྫོང་དེ་ཡོངས་ལ་ཁྲལ་འབབ་སྒོར་ཁྲི་1423བྱུང་ནས་ལོ་ཧྲིལ་པོའི་ཁྲལ་འབབ་དམིགས་ཚད་ལས་འགན་གྱི་41%གེགས་གྲུབ་ཟིན་པ་དང་། རྫོང་རིམ་པའི་ཁྲལ་འབབ་ཡོང་སྒོ་སྒོར་ཁྲི་764ཟིན་པ་དེ་དུས་མཚུངས་ལས་སྒོར་ཁྲི་156མང་དུ་སོང་ནས་འཕར་ཚད་25.66%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།