དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-16

    ཉེ་དུས་གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་ས་གཙང་ལྷ་སའི་སྤུས་ཚད་སྣེ་ཁྲིད་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ནང་་སྤུས་ཚད་ཀྱིས་ཐོན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་དང་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་སྐུལ་མ་གཏོང་བ་དང་སྤུས་ཚད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས“ལས་གྲྭ་ཆེ་གྲས་ལྔ”དང“འཐབ་ཇུས་ཆེ་གྲས་གཉིས”ལག་ལེན་བསྟར་ནས་ཐོན་རྫས་ཀྱི་སྤུས་ཚད་དང་། ཞབས་ཞུའི་སྤུས་ཚད། ལས་གྲྭའི་སྤུས་ཚད། ཁོར་ཡུག་གི་སྤུས་ཚད་བཅས་ལ་སྐུལ་འདེད་གཏོང་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ་2016ལོའི་ལོ་མཇུག་ཏུ་སླེབས་སྐབས“རྒྱལ་ཡོངས་ཀྱི་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་དཔེ་སྟོན་གྲོང་ཁྱེར”གཏོད་པའི་བླང་བྱ་འགྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་དང་ས་གཙང་ལྷད་མེད་ཐོན་ལས་གཙོ་གནད་དུ་བྱ་རྒྱུར་དམིགས་ནས་ཚད་གཞི་དང་། ཚད་འཇལ། སྤུས་རྟགས། ཞིབ་བཤེར་ཞིབ་དཔྱད་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཁྱད་ལྡན་ཐོན་ལས་ཀྱི་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཁེ་ལས་དར་རྒྱས་དང་། སྤུས་ཚད་ལ་བརྟེན་ནས་ཐོན་ལས་དར་རྒྱས། སྤུས་ཚད་ལ་བརྟེན་ནས་རྫོང་དར་རྒྱས་བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཚད་འཇལ་དང་ཚད་གཞི་ཅན་གྱི་རྨང་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྷ་སའི་ཐོན་ལས་ཀྱི་ཁྱད་ཆོས་ལ་དམིགས་ནས་ས་གཙང་ལྷད་མེད་ཐོན་ལས་ཀྱི་སྤུས་ཚད་ཞིབ་བཤེར་སྒྲིག་གཞི་དང་ཐོན་རྫས་ཀྱི་སྤུས་ཚད་ཞིབ་བཤེར་སྒྲིག་གཞིའི་འཆར་འགོད་བཟོ་མགྱོགས་སུ་གཏོང་བ་དང་ཆབས་ཅིག་དེ་རིམ་བཞིན་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་སྤུས་ཚད་ཞིབ་བཤེར་ལྟེ་གནས་ལ་བཏོད་དེ་སྤུས་ཚད་ལག་རྩལ་ཞབས་ཞུའི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་རྒྱུ་རེད།

    ཞབས་ཞུའི་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་དེང་རབས་གཉེར་སྐྱོང་བྱེད་སྟངས་དང་སྔོན་ཐོན་སྤུས་ཚད་དོ་དམ་བྱ་ཐབས་ནང་འདྲེན་བྱས་ནས་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་བྱ་ཐབས་སྤྱད་དེ་ཕྱི་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྔོན་ཐོན་ལག་རྩལ་དང་ཚད་གཞི་དཔྱད་གཞིར་བྱས་ནས་ཞབས་ཞུའི་ལས་རིགས་ཀྱི་ཚད་རྒྱུག་འཛུགས་པ་དང་སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་སྟེ་ས་མཐོའི་སྣོད་བཅུད་ཡུལ་སྐོར་རྨང་གཞིར་བྱེད་པ་དང་བོད་མི་རིགས་ཀྱི་ཡུལ་སྐོར་རིག་གནས་ཁྲིད་ཕྱོགས་སུ་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་། སྒོ་དབྱེ་ཚད་ལྡན། ཞབས་ཞུའི་ཆུ་ཚད་སྔོན་ཐོན། ཞབས་ཞུར་བློ་ཡིད་ཚིམ་ཚད་མཐོ་བ་བཅས་ཀྱི“འཛམ་གླིང་ཡུལ་སྐོར་དམིགས་ས”ཧུར་ཐག་གཏོད་རྒྱུ་རེད།

    ལས་གྲྭའི་སྤུས་ཚད་མཐོར་གཏོང་གི་ལས་གྲྭ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས《འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་དོ་དམ་སྲོལ་ཡིག》ལག་བསྟར་ནན་ཏན་བྱས་ནས་ལས་གྲྭའི་སྤུས་ཚད་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་ཁྲིམས་ལྟར་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པ་དང་། ཁེ་ལས་ཀྱིས་སྔོན་ཐོན་ལག་རྩལ་དང་། བཟོ་རྩལ་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་གསར་པ་བཅས་བེད་སྤྱོད་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ་འཛུགས་སྐྲུན་བྱེད་པ་དང་ལག་རྩལ་གསར་པ་བེད་སྤྱོད་ཀྱི་དཔེ་སྟོན་ལས་གྲྭ་གཏོད་པ། ལས་གྲྭའི་ཕྱིའི་རྣམ་པ་དང་སྲོལ་རྒྱུན་གྱི་རིག་གནས་ཟུང་འབྲེལ་གྱི་བྱེད་ཐབས་དང་། ཐབས་ཤེས། གཏིང་ཟབ་ཚད་བཅས་ལ་ཞིབ་འཇུག་བྱས་ཏེ་ལས་གྲྭའི་ཕྱིའི་རྣམ་པ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་ཇུས་འགོད་བྱས་ནས་ཁྱད་ཆོས་ཟབ་མོ་ལྡན་པའི་གནའ་གྲོང་གཏོད་རྒྱུ་རེད།

    ཁོར་ཡུག་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་སྔོ་ལྗང་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་རི་ཀླུང་སྲུང་སྐྱོབ་དང་ཆུ་ཁོངས་སྔོ་ལྗང་ཅན་ལ་འགྱུར་མགྱོགས་སུ་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་འཐུང་ཆུ་དང་ས་འོག་ཆུའི་སྤུས་ཚད་བདེ་འཇགས་འགན་ལེན་བྱས་ནས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོའི་སྒྲིག་ཆས་དང་དེ་བཞིན་ལེ་ལག་ཚང་བའི་མདོང་དྲ་འདིང་མགྱོགས་སུ་བཏང་སྟེ་ས་ཁོངས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་བྱེད་ཚད་དང་དེ་བཞིན་གཅིག་སྡུད་གཙང་བཟོ་བྱེད་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་བཀག་སྡོམ་བཀའ་རྒྱ་ཁྱབ་བསྒྲགས་བྱས་པའི་རྗེས་ལུས་ཀྱི་བཟོ་རྩལ་དང་སྒྲིག་ཆས་བེད་སྤྱོད་མི་གཏོང་བ་དང“མཐོ་གསུམ”དང་ཐོན་ནུས་ལྷག་འཕྲོར་ལུས་པའི་ཐོན་ལས་ཚོད་འཛིན་བྱས་ཏེ་ནུས་རྒྱུ་གྲོན་ཆུང་དང་རླངས་འབུད་ཉུང་གཏོང་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་རིགས་ལ་མིག་མཐོང་ལག་ཟིན་གྱི་སྒོ་ནས་བཅོས་སྒྲིག་བྱས་ཏེ་ཁྲིམས་འགལ་དང་། ཁྱབ་ཁོངས་ལས་འགལ་བ། ཚད་དང་མི་མཐུན་པ་བཅས་ཀྱི་གཏེར་ཁ་སྔོག་འདོན་ལ་རྡུང་རྡེག་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ས་མཐོའི་ཉམས་ཞན་སྣོད་བཅུད་ལ་གཏོར་སྐྱོན་ཕོག་ཤུགས་ཆུང་དུ་གཏོང་རྒྱུ་རེད།

    སྤུས་ཚད་ལ་བརྟེན་ནས་རྫོང(ཆུས)སྟོབས་ཆེར་གཏོང་བའི་ལས་གྲྭ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་སྤུས་ཚད་ལ་བརྟེན་ནས་རྫོང(ཆུས)སྟོབས་ཆེར་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་རྩ་འཛུགས་སྒྲིག་གཞི་བཙུགས་ཏེ་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ལས་ཀའི་བླང་བྱ་དང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྫོང(ཆུས)དེའི་སྤུས་ཚད་འཕེལ་རྒྱས་དང་འཚམ་པའི་སྤུས་ཚད་ལ་བརྟེན་ནས་རྫོང(ཆུས)སྟོབས་ཆེར་གཏོང་བའི་ལས་ཀའི་བསམ་འཆར་དང་འཆར་འགོད་ཚན་རིག་དང་མཐུན་པའི་ངང་སྒྲིག་བཟོ་བྱས་ཏེ་སྒྲིག་འཛུགས་དང་ལག་བསྟར་བྱ་ཤུགས་ཆེ་རུ་བཏང་ནས“རྒྱལ་ཡོངས་ཀྱི་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་དཔེ་སྟོན་གྲོང་ཁྱེར”གཏོད་པའི་བླང་བྱ་ཁག་ཐུན་མོང་ཐོག་ལེགས་གྲུབ་བྱ་རྒྱུ་རེད།

    ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས“ལྷ་སའི་ས་གཙང”ཁྱབ་ཁོངས་གཞུང་སྤྱོད་སྤུས་རྟགས་སྐྱེད་སྲིང་དང་བཏོད་དེ་སྣེ་འདྲེན་ཁེ་ལས་ཀྱི་སྤུས་རྟགས་རྒྱ་སྐྱེད་དང་འཕེལ་རྒྱས་འདེགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་གྲགས་ཅན་སྤུས་རྟགས་དཔེ་སྟོན་ཁུལ་སྐྱེད་སྲིང་མྱུར་པོ་བྱས་ནས་ལྗོངས་ཡོངས་དང་ཐ་ན་རྒྱལ་སྤྱིའི་ཐོག་འགྲན་ནུས་ཆེན་པོ་ལྡན་པའི་སྤུས་རྟགས་ཁེ་ལས་དང་ས་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ཁེ་ལས་ཁག་གཅིག་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་། སྤུས་རྟགས་ཐོན་རྫས་དང་སྤུས་རྟགས་ཞབས་ཞུར་གདེང་འཇོག་དང་ངོས་འཛིན་གྱིས་ཁེ་ལས་ཀྱིས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱེད་པ། ཚོང་རྟགས་གཏོད་རྒྱུར་སྐུལ་ལྕག་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ཚོང་རྟགས་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་བཏང་སྟེ་ཞབས་ཞུའི་ཚོང་རྟགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་བོད་རུམ་དང་། སྤོས། བཟའ་བཅའ། བོད་སྨན་སོགས་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་རྟགས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།