དབུ་ཤོག>གསར་འགྱུར།
  • ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཐོབ་ཁྲལ་ཕྱེད་ཀ་བཅག་ནས་བསྡུ་བའི་ཚད་གཞི་སྒོར་ཁྲི་20བར་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-16

    ད་ལོའི་ཟླ་གསུམ་པར་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡིག་ཆ་བཏོན་ནས་2015ལོའི་ཟླ་1ཚེས་1ཉིན་ནས་2017ལོའི་ཟླ་12ཚེས་31ཉིན་བར་ཁྲལ་འཇལ་གྱི་ཐོབ་གྲངས་སྒོར་ཁྲི་20(སྒོར་ཁྲི་20ཚུད་པ)ལས་དམའ་བའི་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ཡིན་ཕྱིན་དེའི་ཐོབ་ཁྲལ་འཐེན་ཚད་50%ལ་བརྩིས་ནས་འཇལ་དགོས་པའི་ཐོབ་ཁྲལ་གྱི་སྐལ་གྲངས་ལ་བརྩི་བ་དང་། 15%ཡི་ཁྲལ་ཚད་ལྟར་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས་པས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད། རང་ལྗོངས་ཀྱིས་ཀྱང་2015ལོའི་ཟླ་1ཚེས་1ཉིན་ནས་བཟུང་དུས་མཚུངས་སུ་གཟིགས་སྐྱོང་སྲིད་ཇུས་དེ་ལག་བསྟར་བྱས་ཡོད་ཅིང་། རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལ་གཞིགས་ན། ད་རེས་གཟིགས་སྐྱོང་སྲིད་ཇུས་ལེགས་སྒྲིག་བྱས་པ་དེས་རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་9000ལྷག་ཙམ་གྱི་ཁྲལ་འཇལ་དུད་ཚང་ལ་ཕན་པ་ཐོབ་རྒྱུ་ཡིན་པས་མངོན་དཔག་བྱས་ན་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི་4000ལྷག་ཙམ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་རེད།

    རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཐོབ་ཁྲལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝང་ཝུའེ་ཡིས་གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཡིན་ཕྱིན་རྩིས་བཤེར་བསྡུ་ལེན་དང་ཡང་ན་ཞིབ་བཤེར་གཏན་འབེབས་བསྡུ་ལེན་བྱེད་སྟངས་གང་ཞིག་སྤྱད་ཀྱང་ཚང་མར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཐོབ་ཁྲལ་ཕྱེད་ཀ་བཅག་ནས་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག རང་ལྗོངས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་15%ཡི་ཁྲལ་ཚད་ལྟར་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས་པ་དང་འབྲེལ་ཞིབ་བཤེར་གཏན་འབེབས་མ་བྱས་པར་བསྡུ་བའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དེའི་ཐོབ་ཁྲལ་50%ལྟར་འཇལ་དགོས་པའི་ཐོབ་ཁྲལ་ལྟར་བརྩི་བའི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པའི་རྨང་གཞིའི་ཐོག་ད་དུང་ཁེ་ལས་ཀྱི་ཐོབ་ཁྲལ་མི་རིགས་རང་སྐྱོང་ས་གནས་ལ་ལོངས་སུ་སྤྱོད་ཆོག་པའི་ཆ་ཤས་ཀྱི་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལོངས་སྤྱོད་བྱེད་ཆོག་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།