དབུ་ཤོག>གསར་འགྱུར།
  • ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ལ་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-04-14

    ད་ལོའི་སྤྱི་ཟླ་3པའི་ནང་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡིག་ཆ་བཏོན་ནས།  སྤྱི་ལོ་2015ལོའི་ཟླ་བ་1པོའི་ཚེས་1ནས།  སྤྱི་ལོ་2017ལོའི་ཟླ་བ་12པའི་ཚེས་31ཉིན་བར་ཁྲལ་འཇལ་གྱི་ཐོབ་ཆ་སྒོར་ཁྲི་ཚོ་20ལས་དམའ་བའི་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ལ་དེའི་ཐོབ་ཆའི་བརྒྱ་ཆ་50ཁྲལ་འཇལ་གྱི་ཐོབ་ཆའི་ཁོངས་སུ་བཅུག་ནས།  ཁྲལ་འཇལ་ཚད་བརྒྱ་ཆ་15ཐོག་ནས་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་རྒྱུ་བྱས་ཏེ།  ཁེ་ལས་ཆུང་གྲས་ལ་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས།  རང་ལྗོངས་ཀྱིས་ཀྱང་སྤྱི་ལོ་2015ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་གཟིགས་སྐྱོང་སྲིད་ཇུས་དེ་དུས་གཅིག་ཏུ་ལག་བསྟར་བྱས་པ་རེད།

    རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་བསྡོམས་རྩིས་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ད་རེས་ཀྱི་གཟིགས་སྐྱོང་སྲིད་ཇུས་དེས་རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་ཀྱི་ཁྲལ་འཇལ་མཁན་དགུ་སྟོང་ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་དང་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི་ཚོ་4000ལྷག་ཙམ་ཉུང་དུ་འགྲོ་རྒྱུ་རེད།

    རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཐོབ་ཁྲལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝང་ཝུའེ་ཡིས་གསར་འགོད་པར་སྲིད་ཇུས་དེས་ཁེ་ལས་ཆུང་གྲས་མགྱོགས་མྱུར་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་ནུས་ལྡན་ཐེབས་རྒྱུ་དང་།  ཁོང་ཚོའི་ཁྲོམ་རའི་ཉེན་ཁར་ཁ་གཏད་བཅོག་པའི་ནུས་པ་རྒྱུན་ཆད་མེད་པ་ཆེ་རུ་ཕྱིན་ནས།  ཁེ་ལས་ཆུང་གྲས་ཀྱིས་ལས་ཞུགས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་བཅོས།  སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ཀྱི་ནུས་པ་སྔར་བས་ཐོན་རྒྱུ་དང་།  སྤྱི་ཚོགས་ཡོངས་སུ་མི་མང་པོས་བྱ་གཞག་གཏོད་པའི་ཚ་རླབས་གསར་པ་འཕྱུར་བ་བྱེད་རྒྱུ་རེད།  གཞན་ཡང་དེ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ཁེ་ལས་ཀྱི་ཁྲལ་གྱི་ཁུར་པོ་ཡང་དུ་གཏོང་བ།  བསྒྱུར་བཅོས་ཀྱི་ཁེ་སྤོགས་གཏོད་པ་བཅས་ཀྱི་གལ་ཆེའི་བྱ་ཐབས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།