དབུ་ཤོག>གསར་འགྱུར།
  • གཙང་གསུམ་ཆུ་རྒྱུད་རྣམ་པ་གསར་པར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-12

    གཙང་གསུམ་མཉམ་རྒྱུག་དང་འཕྲེད་བཅད་ལོགས་དབྱེ་བྱས་ནས་རང་བྱུང་ཁམས་ལས་བོད་ཤར་ཁུལ་གྱི་འཇིག་རྟེན་དུ་དོ་ཟླ་བྲལ་བ་དང་བརྗིད་རླབས་ཉམས་དང་ལྡན་པའི་མཛེས་ལྗོངས་གྲུབ་པ་དང་། མི་རིགས་མཉམ་བསྲེས་དང་། རིག་གནས་སྤེལ་རེས། ཀུན་དགེ་ལེགས་བསྡུ་བཅས་བྱས་ནས་ཁམས་པའི་མི་དམངས་ཀྱིས་ཆབ་མདོའི་ཞི་མཐུན་འཕེལ་རྒྱས་དང་དར་རྒྱས་བརྟན་ལྷིང་གི་ལོ་རྒྱུས་ཀྱི་ལེའུ་ཞིག་བཏོད།

    དཔྱད་བསྡུར་གྱི་ལེགས་ཆ་འདོན་སྤེལ་བྱེད—འཐབ་ཇུས་ཀྱི་ངེས་གནས་བཙལ་འཚོལ་འཕྱུགས་མེད་བྱེད་པ།

    གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10.86དང་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་3500ཡན་ཟིན་པའི་ཆབ་མདོ་དེ་བོད་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་མཚམས་སུ་གནས་པ་དང་ཁོངས་གཏོགས་ལ་རྫོང(ཆུས)11དང་། ཤང་དང་གྲོང་རྡལ་138 གྲོང་ཚོ(ཨུ་ལྷན)1142བཅས་ཡོད་པར་མི་རིགས་28ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་76ཡོད་པ་རེད།

    བོད་ཤར་ནོར་བུའི་ས་ཁུལ་དེ་ལས་གནའ་བོའི་ཁ་རུབ་རིག་གནས་དང་དངུལ་མདའ་རིག་གནས་སྐྱེད་སྲིང་བྱས་པ་མ་ཟད་བོད་ཀྱི་སྐར་ལྔའི་དར་དམར་དང་པོ་བསྒྲེངས་པའི་ས་ཆ་དང་། བོད་ཀྱི་དེང་རབས་ཀྱི་སློབ་གྲྭ་དང་པོ་དང་སྨན་ཁང་དང་པོ་སོགས་འཛུགས་ཡུལ། བོད་མི་དམངས་ཀྱིས་མེས་རྒྱལ་ནང་ས་དང་འབྲེལ་བ་བྱེད་པའི་རྒྱལ་སྒོ་གལ་ཆེན། བོད་འདི་ཉིད་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བའི་དབང་རྩ་གལ་ཆེན་བཅས་ཀྱང་ཡིན་པར་བརྟེན་ཆབ་མདོའི་བརྟན་ལྷིང་དེས་བོད་ཀྱི་བརྟན་ལྷིང་དང་ཐ་ན་ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས།

    ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་པའི་ཆབ་མདོར་རིག་གནས་ཀྱི་སྙིང་དོན་ཟབ་མོ་ལྡན་པ་དང་ཆུ་ནུས་ཐོན་ཁོངས་དང་གཏེར་ཐོན་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་ཐུན་མོང་མ་ཡིན་པའི་རང་བྱུང་དང་སྤྱི་ཚོགས་རིག་གནས་ཀྱི་ཐོན་ཁུངས་རབ་མཛེས་ཡིད་དབང་འཕྲོག་པ་ཞིག་ཀྱང་ཡོད། ལས་ལ་བརྩོན་པ་དང་། རྟུལ་ཕོད་ཞུམ་མེད། དཔའ་ཉམས་ཆེར་སྐྱེད་བཅས་ཀྱི་ཁམས་པའི་མི་དམངས་ཁྲི་76ལ་བློ་རྒྱ་ཆེ་བ་དང་གསར་འབྱེད་གསར་གཏོད་ཀྱི་ཕུལ་དུ་བྱུང་བའི་གཤིས་རྒྱུད་ལྡན་ཡོད།

    རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལ་དམིགས་པ་དང་ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆབ་མདོས་སི་ཁྲོན་དང་། ཡུན་ནན། མཚོ་སྔོན་བཅས་དང་འབྲེལ་མཐུད་བྱེད་པའི་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་ནང་མཉམ་བསྲེས་ཧུར་ཐག་བྱས་ནས་གཏེར་ཐོན་དང་ཆུ་ནུས་ཐོན་ཁུངས་གང་མགྱོགས་གསར་སྤེལ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་མདོག་ལྡན་ལྕགས་རིགས་ཐོན་སྐྱེད་རྟེན་གཞི་དང་། “ནུབ་གློག་ཤར་སྐྱེལ”གྱི་རྒྱུན་སྲིང་ནུས་རྒྱུའི་རྟེན་གཞི། “གཙང་གསུམ”ཆུ་རྒྱུད་ཀྱི་ཡུལ་སྐོར་སྤུས་དག་ཁུལ་བཅས་འཛུགས་སྐྱོང་བྱེད་པ་དང་བོད་ཤར་རྒྱུད་ཀྱི་དཔལ་འབྱོར་སྟོབས་ལྡན་ཁུལ་གཏོད་དགོས་ཞེས་བསྟན་པ་རེད།

    ཆབ་མདོའི་ལས་དོན་ཚོགས་འདུའི་ཐོག་ཆབ་མདོས་རྗེས་སྙེག་དང་མཆོང་སྐྱོད་ཡོང་བ་བྱེད་པའི་དུང་བརྡ་གསར་པ་བཏང་། རི་བོ་གཡང་གཟར་ནས་ཕུག་ཐག་རིང་ལ་ཁ་ཁུ་སིམ་པའི་གྲོག་རོང་བར་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནས་ས་རྒྱུ་གཤིན་པོའི་ཞིང་ཁའི་བར། འཁྲུག་ཆ་དོད་པའི་གྲོང་ཁྱེར་ནས་ཁ་ཁུ་སིམ་པའི་གྲོང་གསེབ་བཅས་བར་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ལོ་ལྔའི་ལས་འགན་ལོ་གསུམ་ནང་ལེགས་གྲུབ་བྱེད་པའི་སེམས་ཤུགས་ལས་མི་རྣམས་ལ་སྐུལ་མ་ཐེབས།

    འཕེལ་རྒྱས་ནི་ལྡོག་མེད་ཀྱི་གནས་ལུགས་དང་ཆབ་མདོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་ཡིན་ཞིང་། ཆབ་མདོའི་འཕེལ་རྒྱས་དེ་དལ་དུ་གཏོང་མི་རུང་ལ་སྒུག་ནས་ཀྱང་སྡོད་མི་རུང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་གཙོ་བོར་བྱེད་པའི་སྐབས་དང་པོའི་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དཀའ་ཚེགས་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་བཅས་ཀྱི་ལས་འགན་མདུན་དུ་འཕེལ་རྒྱས་ཀྱི་ཧེ་བག་ཧ་ཅང་ཆེན་པོ་དེར་ལྟ་སྟངས་ཡང་དག་འཛིན་པ་དང་ཆབ་མདོ་ཁོ་ནར་མ་དམིགས་པར་ཆབ་མདོར་ལྟ་བའི་བློ་རྒྱ་དང་དཔའ་སེམས་ཐོག་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག“བཟོ་ལས་སྟོབས་ཆེར་བཏང་ནས་གྲོང་ཁྱེར་དར་རྒྱས་ཡོང་བ་བྱེད་པ་དང་། ཤར་ནུབ་འཕེལ་རྒྱས་གཏོང་བ། རྟེན་གཞི་འཛུགས་པ། རྨང་གཞི་གསུམ་བརྟན་པོ་འདིང་བ”བཅས་བྱས་ནས་ཞི་མཐུན་དང་། འབྱོར་ཕྱུག ཤེས་དཔལ་བཅས་ཀྱི་ཆབ་མདོ་འཛུགས་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་པ་རེད།

    ཚན་རིག་དང་མཐུན་པའི་ངང་དམིགས་ཚད་བཟོས་ཏེ།འབད་བརྩོན་ཆེན་པོས་རྗེས་སྙེག་དང་མཆོང་སྐྱོད་དོན་གཉེར་བྱེད་པ།

    རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ལས་དོན་ཚོགས་འདུའི་ཐོག་ཆབ་མདོས་འཕེལ་རྒྱས་དེ་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས། རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཇུར་མིག་གི་ཚོད་འཛིན་སེལ་བའི་གཙོ་གནད། མི་རིགས་མཐུན་སྒྲིལ་ལེགས་སུ་གཏོང་རྒྱུ་དེ་སྲོག་རྩ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་མཐའ་དག་ལས་ལྷག་པའི་ལྡོག་མེད་ཀྱི་ལས་འགན་བཅས་སུ་བརྩི་བ་དང་རྗེས་འདེད་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་དང་། སྤྱི་ཚོགས་རྒྱུན་སྲིང་བརྟན་ལྷིང་ཡོང་རྒྱུར་འགན་ལེན། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུར་འགན་ལེན། སྣོད་བཅུད་བཟང་པོ་འགན་ལེན་བཅས་བྱས་ནས་ཆབ་མདོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་ཐོག་2020ལོར་སླེབས་སྐབས་ལྗོངས་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

    དཔྱད་བསྡུར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་ཀྱི“ནུབ་གློག་ཤར་སྐྱེལ”གྱི་རྒྱུན་སྲིང་ནུས་རྒྱུའི་རྟེན་གཞི་དང་། མདོག་ལྡན་ལྕགས་རིགས་ཐོན་ལས་རྟེན་གཞི། བོད་ཤར་རྒྱུད་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་རྟེན་གཞི་བཅས་འཛུགས་སྐྲུན་བདེ་བླག་བྱུང་བ་དང་། སྒོ་མདུན་གློག་ཁང་ད་ལོར་ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུགས་རེ་ཡོད་པ། གཡུ་ལུང་ཟངས་གཏེར་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་སྒོ་ཀུན་ནས་སྐྲུན་འགོ་ཚུགས་པ་དང་གཟེ་མཱེ་གཏེར་དང་ཞ་ཉེ་དང་ཏི་ཚའི་གཏེར་ཁ་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “བདག་དམར་གཡང”རྟགས་ཅན་གྱི་རྒུན་འབྲུམ་ཨ་རག་དང་། “ལྷ་ཀླུ་ཁ”རྟགས་ཅན་གྱི་རྒྱ་བྲའི་མུ་འབྲེལ་ཐོན་རྫས། “ལྷོ་རྫོང”རྟགས་ཅན་གྱི་རྩམ་པའི་མུ་འབྲེལ་ཐོན་རྫས་སོགས་གཙོ་བོ་བྱེད་པའི་ལྷད་མེད་དང་ས་གཙང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། མ་འཇོག་སྒོར་དུང་ཕྱུར་66.3བྱས་པའི་ཆན་ཕུའུ་500ཡི་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ལས་མཇུག་འགྲིལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་ཆབ་མདོའི་གློག་དྲ་རྐྱང་པ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་བཅས་རེད།

    རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ།བྱ་སྤྱོད་ཆེ་ཁག་བརྒྱད་ལག་ལེན་བསྟར་བ།

    དེང་སྐབས་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་དེ་སྔ་འཛིན་ཕྱི་གཏོད་དང་དཀའ་སྤྱད་ཚད་བརྒལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་པས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་རྒྱུའི་འགན་ལེན་བྱེད་དགོས་ལ་འབད་བརྩོན་ཆེན་པོས་རྗེས་འདེད་ཚད་བརྒལ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་རྨང་གཞི་བརྟན་པོ་ཞིག་ཀྱང་འདིང་དགོས་པར་བརྟེན་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་འཕྲད་ཡོད།

    2015ལོར་ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཕན་ནུས་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་མགྱོགས་སུ་གཏོང་བ། བྱ་ཐབས་གསར་གཏོད་བྱེད་པ། དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་གཏོང་བ། ཐོན་ལས་ཀྱི་འདེགས་སྐྱོར་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ། སྒྱུར་བཅོས་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད། དེར་བརྟེན་གཙོ་གནད་ཐོག“བྱ་སྤྱོད་ཆེ་ཁག་བརྒྱད”ལག་ལེན་བསྟར་རྒྱུ་ཡིན་པ་སྟེ། མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འགག་སྒྲོལ་གྱི་བྱ་སྤྱོད་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་འདེགས་སྐྱོར་ཆེ་རུ་བཏང་ནས་ཐོན་ལས་ཚད་བརྒལ་གྱི་བྱ་སྤྱོད་ལག་ལེན་བསྟར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་སྤྱི་འདོམས་བྱས་ནས་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་མ་གཏོང་བའི་བྱ་སྤྱོད་ལག་ལེན་བསྟར་བ། སྲིད་ཇུས་དང་བྱ་ཐབས་འཐུས་ཚང་དུ་བཏང་ནས་འཛད་སྤྱོད་མང་དུ་གཏོང་བའི་བྱ་སྤྱོད་ལག་ལེན་བསྟར་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བཏང་ནས་དམངས་འཚོ་བདེ་སྐྱིད་ཀྱི་བྱ་སྤྱོད་ལག་ལེན་བསྟར་བ། སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་ལེགས་གཏོང་གི་བྱ་སྤྱོད་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་དང་གསར་གཏོད་ཀྱི་བྱ་སྤྱོད་ལག་ལེན་བསྟར་བ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེའི་ཆབ་མདོའི་བྱ་སྤྱོད་ལག་ལེན་བསྟར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།