དབུ་ཤོག>གསར་འགྱུར།
  • བོད་ལྗོངས་སུ་དུས་ཚིགས་དང་པོར་ཁྲལ་འབབ་སྒོར་དུང་ཕྱུར་50ཙམ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-12

    ཚེས་4ཉིན་གསར་འགོད་པས་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱིས་དཔྱ་ཁྲལ་སྣ་ཚོགས་སྒོར་དུང་ཕྱུར་49.72བསྡུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་33.9%འཕར་ནས་འབབ་འཕར་སྒོར་དུང་ཕྱུར་12.58བྱུང་ཡོད།

    རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རང་ལྗོངས་ཀྱི་དཔྱ་ཁྲལ་བསྡུ་འགོ་བཙུགས་མ་ཐག་ཡོང་འབབ་མང་པོ་བྱུང་བ་དེ་ས་གནས་རིམ་པའི་ཡོང་འབབ་འཕར་མགྱོགས་པ་དང་ཁྲལ་རིགས་གཙོ་བོའི་ཁྲལ་རིགས་འབྲིང་ཆུང་གི་འཕར་ཆག་ཕན་ཚུན་ལས་བྱུང་བ་ཞིག་རེད། དེའི་ནང་ས་གནས་རིམ་པའི་ཡོང་འབབ་འཕར་ཚད་དེ་ཀྲུང་དབྱང་རིམ་པའི་ཡོང་འབབ་ལས་མཐོ་བ་ཡོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་41.7%འཕར་བ་དང་། འཕར་ཚད་སྒོར་དུང་ཕྱུར་ཡན་ལས་བརྒལ་བའི་ཁྲལ་རིགས་ནང་གནས་ཐང་འཕར་བའི་དཔྱ་ཁྲལ་དང་། གཉེར་སྐྱོང་དཔྱ་ཁྲལ། ཁེ་ལས་ཀྱི་ཐོབ་ཁྲལ་བཅས་ཡོད་པ་དེ་དག་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་1.2དང་། སྒོར་དུང་ཕྱུར་2.6 སྒོར་དུང་ཕྱུར་7.5བཅས་སོ་སོར་འཕར་ནས་འཕར་ཚད་12.1%དང་། 43.9% 80%བཅས་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།