དབུ་ཤོག>གསར་འགྱུར།
  • འདམ་གཞུང་རྫོང་གི་ཏང་འཛུགས་ལས་དོན་གྱིས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུའི་སྣེ་འདྲེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-10

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་ལས་དོན་སྤེལ་རིང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བར་བརྟེན་ནས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་འགྱུར་ལྡོག་འབྱུང་གཞིར་བརྩིས་པ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་གཞི་རིམ་གྱི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགག་རྩའི་བྱ་སྤྱོད་ལ་བརྩིས་ནས་གྲོང་ཚོ་རིམ་པའི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་སོང་ཡོད་ལ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། འཕེལ་རྒྱས་གཏོང་ཤུགས། ཞབས་འདེགས་ཞུ་ནུས་བཅས་ཆེ་རུ་ནུས་ལྡན་སོང་ཡོད་པ་རེད།

    སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱ་རྒྱུར་སྣང་ཆེན་བྱས་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་སྟོབས་ཆེར་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་གཞིའི་ནང་འགོད་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། 《འདམ་གཞུང་རྫོང་གི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་མ་དངུལ་རོགས་སྐྱོར་བྱ་ཐབས》བཏོན་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན་བྱས་ཡོད། 2014ལོར་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་མདུན་ལམ་དང་། འཕེལ་རྒྱས་གཞི་ཁྱོན། ས་ཁོངས་ཁྱད་ཆོས། འབྲོག་དུད་སྐུལ་འཁྲིད། དཔལ་འབྱོར་ཕན་འབྲས་སོགས་གདམ་གསེས་བྱས་པ་བརྒྱུད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆེད་ལས་མཉམ་ལས་རྩ་འཛུགས་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་300བཏང་ནས་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱ་རྒྱུར་སྣང་ཆེན་བྱས་ཏེ་འཕེལ་རྒྱས་ལ་བརྟེན་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། ཏང་འཛུགས་ལས་དོན་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དང་གཅིག་གྱུར་ཐོག་བཀོད་སྒྲིག་དང་གཅིག་གྱུར་ཐོག་ཇུས་འགོད་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། ཆེད་དམིགས་ལས་དོན་ཚོགས་ཆུང་བཙུགས་ཏེ་རྫོང་དེ་ཡོངས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་གཞི་ཁྱོན་དང་གཉེར་སྐྱོང་བྱ་ཚུལ་གཅིག་སྡུད་ཐོག་བརྟག་ཞིབ་དང་རྫོང་ཁོངས་ཆེད་ལས་མཉམ་ལས་རྩ་འཛུགས་འཁོར་སྐྱོད་བྱ་ཚུལ་ཤེས་རྟོགས་བྱས་ནས་རྫོང་དེ་ཡོངས་སུ་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་རྒྱུར་ཕན་པའི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།

    བྱ་ཐབས་གསར་གཏོད་བྱ་རྒྱུར་སྣང་ཆེན་བྱས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་ཆེ་རུ་བཏང་བ། བོད་བྱང་ཐང་གི་འབྲོག་ཁྱིམ་གྱིས་འབྲི་གཡག་དང་ལུག་སོགས་ཁ་ཐོར་གསོ་ཚགས་བྱེད་པའི་ཞན་ཆར་དམིགས་ཏེ་ཐོན་སྐྱེད་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཁོང་ཚོས་རྩ་འཛུགས་དང་འབྲོག་དུད་འབྲེལ་སྦྱོར་ནུས་ལྡན་བྱས་པ་ལས་ཕྱུགས་རིགས་བཤའ་བའི་དུས་འཁོར་ཐུང་དུ་སོང་བ་མ་ཟད། མི་གྲོན་དང་གསོ་ཚགས་མ་གནས་ཀྱང་ཇེ་ཆུང་དུ་སོང་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།