དབུ་ཤོག>གསར་འགྱུར།
  • ཡེ་མེན་ནས་ཕྱིར་འཐེན་གྱི་བྱ་སྤྱོད་ཐོག་ནས་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་སྟོབས་ཤུགས་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-09

    160785_yis_1428466711958.jpg

    འདི་ནི་ཟླ་4ཚེས་7ཉིན་ཅི་པོའུ་ཐི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཅི་པོའུ་ཐིའི་གྲུ་ཁར་སི་རི་ལན་ཁའི་སྤྱི་དམངས་ཀྲུང་གོའི་མཚོ་དམག་གི་ལིང་དབྱི་དམག་གྲུ་ནས་འབབ་པའི་གནས་ཚུལ་ཡིན་པ།

    “རང་རྒྱལ་སྲིད་གཞུང་གིས་ཡེ་མེན་དུ་སྤེལ་བའི་ཕྱིར་འཐེན་བྱ་སྤྱོད་ནི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་ཕྱིན་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། དེའི་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་མི་རྩ་བར་འཛིན་པ་དང་དམངས་ཆེད་ཕྱི་འབྲེལ་གྱི་སྲིད་སྐྱོང་འདུ་ཤེས་དང་། ཕྱི་རྒྱལ་དུ་ཡོད་པའི་རང་རེའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ། བློ་ཐག་ཆོད་པོ་དང་ལས་ཆོད་ཆེ་བའི་སྲིད་སྐྱོང་སྟངས་དང་སྲིད་སྐྱོང་ཆུ་ཚད་བཅས་གང་ལེགས་མཚོན་ཡོད། དེ་ནི་སྡེ་ཚན་ཁག་དབར་མཐུན་སྒྲིལ་རོགས་རེས་དང་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན”ཞེས་ཡེ་མེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐན་ཆིས་ཚེས་6ཉིན་ཡེ་མེན་གྱི་རྒྱལ་ས་ས་ནར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་གསུངས་པ་ཞིག་རེད།

    ཀྲུང་གོ་སྲིད་གཞུང་གིས་ཟླ་3ཚེས་29ཉིན་དང་། ཟླ་3ཚེས་30ཉིན། ཟླ་4ཚེས་6ཉིན་བཅས་ཁག་གསུམ་དུ་བགོས་ནས་དམག་འཁྲུག་གི་མེ་ལྕེ་ཕྱོགས་ཀུན་ཏུ་འབར་བའི་ཡེ་མེན་ནས་ཀྲུང་གོའི་སྤྱི་དམངས་600ལྷག་ཙམ་ཕྱིར་འཐེན་བྱས་པ་རེད། ཕྱིར་འཐེན་བྱ་སྤྱོད་ནང་ཀྲུང་གོའི་སྤྱི་དམངས་གཅིག་ལའང་རྨས་སྐྱོན་ཕོག་མེད། ཡེ་མེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད།

    ཐན་ཆིས“ཕྱིར་འཐེན་གནད་དོན་ཐད་ཀྱི་ཀྲུང་དབྱང་གི་ཐབས་ཇུས་ནི་བློ་ཐག་ཆོད་ཅིང་ཚན་རིག་དང་མཐུན་པ་ཞིག་ཡིན་པས་གཞུང་ཚབ་ཆེ་མོ་ཁང་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད། དེ་ནི་ཕྱིར་འཐེན་ལས་དོན་བདེ་བླག་བྱུང་བའི་རྩ་བའི་འགན་ལེན་ཞིག་ཡིན། ད་དུང་ཕྱིར་འཐེན་བྱ་སྤྱོད་དེ་སྡེ་ཚན་མང་པོ་དང་རྒྱལ་ཁབ་གཞན་དག་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་རྒྱལ་ཁབ་མང་པོའི་སྲིད་གཞུང་དང་འབྲེལ་བ་ཡོད་པས་ཀྲུང་དབྱང་གིས་སྤྱི་འདོམས་བཀོད་སྒྲིག་གནང་སྟབས་སྡེ་ཚན་ཚང་མས་གཞི་ནས་སྟེགས་བུ་ཆེན་པོ་དེའི་ཐོག་འཕྲལ་དུ་བྱ་སྤྱོད་སྤེལ་ཐུབ་པ་དང་གྲུབ་འབྲས་དེ་འདྲ་ཐོབ་ཐུབ་ཡོད”ཅེས་གསུངས་པ་རེད།

    ཀྲུང་གོའི་སྤྱི་དམངས་བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་ཆབས་ཅིག་ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་སྤྱི་དམངས་278ཕྱིར་འཐེན་བྱེད་རོགས་བྱས་ཡོད། ཟླ་4ཚེས་2ཉིན་ཀྲུང་གོའི་མཚོ་དམག་གི་ལིང་དབྱི་དམག་གྲུས་ཡ་ཏིང་གྲུ་ཁར་མི་སྣ་ཕྱིར་འཐེན་གྱི་ལས་འགན་སྒྲུབ་པར་ཐེངས་གཉིས་བསྐྱོད་དེ་ཕ་ཁི་སི་ཐན་སོགས་རྒྱལ་ཁབ་10ཡི་ཡེ་མེན་དུ་ཡོད་པའི་སྤྱི་དམངས་225ཕྱིར་འཐེན་བྱས་པ་དེ་ནི་ཀྲུང་གོ་སྲིད་གཞུང་གིས་ཉེན་ཡོད་ས་ཁུལ་དུ་ལུས་པའི་ཕྱི་རྒྱལ་གྱི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཐེངས་དང་པོ་དེ་རེད། ཚེས་6ཉིན་ལིང་དབྱི་དམག་གྲུས་སླར་ཡང་སི་རི་ལན་ཁའི་སྤྱི་དམངས་45བླུགས་ནས་ཕྱིར་འཐེན་བྱས་པ་རེད། དེ་གོང་ཀྲུང་གོ་སྲིད་གཞུང་གིས་ད་དུང་རོ་མ་ནི་ཡ་དང་། རྒྱ་གར། ཨེ་ཅིབ་སོགས་རྒྱལ་ཁབ་ཀྱི་གཏན་སྡོད་ཕྱི་མི་8བདེ་འཇགས་ངང་ཕྱིར་འཐེན་བྱ་རྒྱུར་རོགས་རམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།