དབུ་ཤོག>གསར་འགྱུར།
  • འབར་མའི་སྲིད་འཛིན་ཏང་གི་ཀྲུའུ་ཞི་གཞོན་པས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-09

    ཚེས་7ཉིན་འབར་མའི་སྲིད་འཛིན་ཏང་ཡིན་པའི་རྒྱལ་ཕྲན་མཉམ་འབྲེལ་སྲ་བརྟན་དང་འཕེལ་རྒྱས་ཏང(སྲ་བརྟན་དང་འཕེལ་རྒྱས་ཏང)གི་ཀྲུའུ་ཞི་གཞོན་པ་ཝུའུ་ཐའེ་ཝུའུ་ཡིས་ཏང་དེའི་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེའི་བསམ་ཚུལ་ཧ་ཅང་ཡག་པོ་རེད། ང་ཚོ་དེར་མོས་པ་ཡོད་པ་མ་ཟད་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཝུའུ་ཐའེ་ཝུའུ་ཡིས་དེང་རབས་ཀྱི་དར་གོས་ལམ་བུའི་འཆར་གཞི་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཚོང་དོན་འགྲོ་འོང་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བའི་གོ་སྐབས་ཤིག་ཡིན་པ་དང་མཉམ་ལས་གཉིས་ཕན་རེད་ཅེས་བཤད་པ་རེད། ཁོང་གིས་གོ་སྐབས་དེ་འབར་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་སམ་ཡང་ན་ས་ཁུལ་ཧྲིལ་པོའི་ངོས་ནས་བརྗོད་ན་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད་པ་མ་ཟད་ལག་ལེན་བསྟར་རིང་ང་ཚོས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ལ་སྐུལ་མ་གཏོང་དགོས་ཞེས་བཤད་པ་རེད།

    ཝུའུ་ཐའེ་ཝུའུ་ཡིས་འབར་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་རི་ཆུ་སྦྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་དུས་ཡུན་རིང་པོའི་ནང་མཛའ་མཐུན་མཉམ་གནས་བྱེད་ཀྱི་ཡོད། འབར་མར་རང་བཙན་ཐོབ་ནས་ཡུན་རིང་མ་སོང་བར་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་གྲོས་འགོ་བཏོན་པ་དེ་ད་བར་སྔར་བཞིན་སྐྱེ་སྟོབས་ལྡན་ཡོད། ད་ལོ་ནི་འབར་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྟབས་བདེར་བརྗོད་ན་དེ་སྔོན་ཐོག་མཐའ་བར་གསུམ་དུ་ཡག་པོ་ཡོད་པ་དང་ད་ལྟའང་ཡག་པོ་ཡོད་ལ་སླད་ཕྱིན་སྔར་བཞིན་ཡག་པོ་ཡོང་སྲིད་ཅེས་བཤད་པ་རེད།

    རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་འབྲེལ་བའི་སྐོར་བརྗོད་སྐབས་ཁོང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོད་ཚེ་དཔལ་འབྱོར་ཚོང་དོན་ཐད་གཞི་ནས་མཉམ་ལས་ཡག་པོ་བྱེད་ཐུབ། ང་ཚོར་གྲུབ་འབྲས་ཐོབ་པའི་མཉམ་ལས་ཀྱི་རྣམ་གྲངས་ཡོད་པ་ནི་འབར་མ་དང་ཀྲུང་གོའི་སྣུམ་རླངས་སྦུབས་ལམ་གྱི་རྣམ་གྲངས་དེ་རེད། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།