དབུ་ཤོག>གསར་འགྱུར།
  • འཛམ་གླིང་འཕྲོད་བསྟེན་ཉིན་མོར་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-09

    160786_yis_1428466712114.jpg

     ཟླ་4ཚེས་7ཉིན་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཡིན་ཞིང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“བཟའ་བཅའི་བདེ་འཇགས”ཞེས་པ་དེ་ཡིན་པ་དང་དྲིལ་བསྒྲགས་འབོད་ཚིག་ནི“ཞིང་ར་ནས་གསོལ་ལྕོག་བར་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད”ཅེས་པ་དེ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ལྟར་མི་ཁྲི་200ཙམ་ཤི་བའི་རྒྱུ་རྐྱེན་གཙོ་བོ་ནི་བདེ་འཇགས་མེད་པའི་བཟའ་བཅའ་དང་འབྲེལ་བ་ཡོད་པ་དང་དེའི་ནང་མང་ཆེ་བ་ནི་བྱིས་པ་ཡིན་པ་རེད། གནོད་ལྡན་གྱི་འབུ་ཕྲ་དང་། ནད་དུག གཞན་རྟེན་སྲིན་འབུའམ་ཡང་ན་རྫས་འགྱུར་དངོས་པོ་བཅས་འདུས་པའི་བཟའ་བཅའ་ལས་གྲོད་ཁོག་བཤལ་བ་ནས་འབྲས་སྐྲན་སོགས་བར་གྱི་ནད་གཞིའི་རིགས་20ལྷག་ཙམ་ཐོན་གྱི་ཡོད། བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་དེ་འབྲུ་རིགས་འགན་ལེན་དང་འབྲེལ་བ་དམ་ཟབ་ཡོད། བདེ་འཇགས་མེད་པའི་བཟའ་བཅའ་ལས་ནད་གཞི་ཕོག་པ་དང་འཚོ་བཅུད་མི་འདང་བའི་ངན་ཐོག་ངན་འཁོར་གྱི་ནད་ཐོན་གྱི་ཡོད་ལ་ལྷག་པར་དུ་བྱིས་པ་དང་ཕྲུ་གུ་དམར་འབྱར་དང་། རྒས་འཁོགས། ནད་པ་བཅས་ལ་ཤུགས་རྐྱེན་ངན་པ་ཕོག་གི་ཡོད་ཅིང་། འདི་ནི་ཧན་གོའི་ནད་ཡམས་ཞིབ་བཤེར་མི་སྣས་ཅིང་ཅི་ཏའོ་ལི་ཁྲོན་གྱི་གྲང་མཛོད་ཞིག་ཏུ་ཨ་རི་ནས་ནང་འདྲེན་བྱས་པའི་གླང་ཤར་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།