དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཐབས་མཆོག་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-09

    2015ལོར་གཞིས་རྩེ་གྲོང་ཁྱེར་གྱིས“ལེགས་ཆ་གཅིག་དམ་འཛིན་དང་། བྱ་ཐབས་གཉིས་སྤྱོད་པ། དཔལ་འབྱོར་ཁུལ་གསུམ་གཏོད་པ”བཅས་ཀྱི་ས་ཁོངས་དཔལ་འབྱོར་གོང་འཕེལ་གྱི་བསམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་ཐོན་ཁུངས་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་བརྟེན་པ་དང་ཁྱད་ལྡན་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་སྟེ་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་གོང་འཕེལ་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    སྣོད་བཅུད་སྐྱེ་ལྡན་ཞིང་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ལག་རྩལ་མཐོ་པོ་རྒྱུན་འཁྱོངས་དང་། སྤུས་ལེགས་ཐོན་སྐྱེད། སྤུས་རྟགས་བཅས་གཏོད་རྒྱུ་དང་། སྐྱེ་ལྡན་བརྗེ་སྒྱུར་ཁས་ལེན་དང་། སྐྱེ་ལྡན་ཐོན་རྫས་ཁས་ལེན། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཁས་ལེན་བཅས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། གཞིས་རྩེ་གྲོང་ཁྱེར་གྱི“སྐྱེ་ལྡན་ཕ་ཡུལ་དང་སྣོད་བཅུད་ཁྱིམ་གཞིས”ཀྱི་སྤུས་རྟགས་གཏོད་པ། རྒྱུན་ཆད་མེད་པར་སྤུས་ལེགས་ནས་དང། གནོད་མེད་སྔོ་ཚལ། གམ་པའི་ལུག་སོགས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་རྒྱ་སྟོབས་ཆེ་རུ་བཏང་ནས་ཐོན་ལས་གཞི་ཁྱོན་ཆེ་རུ་གཏོང་བ། ས་ཞིང་ནང་བཤུག་ལ་སྐུལ་འདེད་གཏོང་བ་དང་། འདེབས་འཛུགས་དུད་ཆེན་སྐྱེད་སྲིང་བྱེད་པ། ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཞིང་ལས་བྱེད་ཚད་མཐོ་རུ་གཏོང་བ། རགས་ལས་རྣམ་པའི་ཞིང་ལས་ནས་གཅིག་སྡུད་ཞིབ་ལས་རྣམ་པའི་འཕེལ་རྒྱས་སུ་སྒྱུར་བ་བཅས་བྱ་རྒྱུ་ཡིན་པ་རེད། 2015ལོར་གཞིས་རྩེ་གྲོང་ཁྱེར་གྱིས“བོད་ནས་ཨང་2000”དང“ཧི་མ་ལ་ཡ་ཨང་22” “ལྷོ་ཁའི་དགུན་འབྲུ་ཨང་7པ”སོགས་ཀྱི་སོན་བཟང་ཁྱབ་སྤེལ་གཏོང་བའི་རྒྱ་ཁྱོན་མུའུ་ཁྲི་40ཡན་ཟིན་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི་40ཡན་ཟིན་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    ལེགས་ཆ་ལྡན་པའི་བཟོ་གཏེར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། “གཏེར་རྫས་ལ་བརྟེན་ནས་གྲོང་ཁྱེར་ཕྱུག་པོ་ཆགས་པ་བྱེད་པའི”འཐབ་ཇུས་ལག་བསྟར་བྱས་ནས་2015ལོར་གཞུང་གྲོང་ཚོའི་ཟངས་གཏེར་གསར་སྤེལ་ཐད་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་པ་དང་། ཇོ་རིའི་འཁྱག་རོམ་དང་བོད་ལྗོངས་ལྷ་ཆུའི་ཐོན་ནུས་ཆེར་གཏོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། སྐྱིད་གྲོང་དང་གཏིང་སྐྱེས་སོགས་རྫོང་གི་སྤུས་ལེགས་གཏེར་ཆུ་གསར་སྤེལ་བྱ་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་ནང་སའི་ཁེ་ལས་དང་མཉམ་ལས་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་གཞིས་རྩེ་གྲོང་ཁྱེར་གྱི་སྤུས་ལེགས་རང་བྱུང་འཐུང་ཆུའི་སྤུས་རྟགས་གཏོད་རྒྱུ་ཡིན་པ་རེད།

    ཡུལ་སྐོར་ཞབས་ཞུའི་ལས་རིགས་རྩེ་གྲ་གཏོད་རྒྱུ་ཡིན་ཞིང་། “ངོ་མཚར་ཆེ་བའི་ཇོ་རི་དང་། མཛེས་སྡུག་ལྡན་པའི་གཙང་ཁུལ། བཀྲ་ཤིས་འཆམ་མཐུན་གྱི་གཞིས་རྩེ”བཅས་བརྗོད་བྱ་གཙོ་བོར་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཡུལ་སྐོར་འཆར་འགོད་བཟོས་ཏེ་ཡུལ་སྐོར་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། “ཕྱོགས་ལྔ་གཞི་གཅིག”གི་འཛམ་གླིང་རིག་གནས་ཡུལ་སྐོར་བྱ་ཡུལ་ནུས་ཤུགས་ཡོད་རྒུས་གཏོད་པ། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྱབ་ཁོངས་སུ་རིམ་མཐོའི་འཕེལ་རྒྱས་དང་། ཐབས་སྒྱུར་འཕེལ་རྒྱས། ཁྱད་ལྡན་འཕེལ་རྒྱས་བཅས་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 2015ལོར་གཞིས་རྩེ་གྲོང་ཁྱེར་གྱིས་A5རིམ་པའི་མཛེས་ལྗོངས་ཁུལ་2འཛུགས་པ་དང་། རྫོང(ཆུས)A4རིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་སྤེལ་འགོ་ཚུགས་ནས་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུས་ཚད་མི་ཐེངས་ཁྲི་400ལས་བརྒལ་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་34ཟིན་པའི་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།

    མཐའ་མཚམས་ཉོ་ཚོང་ལས་རིགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། ནེ་པ་ལ་དང་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་གཉའ་ལམ་དང་། སྐྱིད་གྲོང་། འབྲོང་པ་སོགས་རྫོང་དང་ས་མཚམས་སྦྲེལ་བའི་ནེ་པ་ལ་ས་གནས་སྲིད་གཞུང་དབར་མཛའ་མཐུན་རྫོང་རིམ་པའི་འབྲེལ་བ་འཛུགས་རྒྱུ་དང་། སྐྱིད་གྲོང་འགག་སྒོ་སྒྲོལ་རྒྱུ་གོ་སྐབས་སུ་འཛིན་ནས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་གཏོང་བ་དང་། འགག་སྒོ་སྒྲོལ་བའི་ནུས་པ་ཆེ་རུ་གཏོང་བ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་རོགས་སྐྱོར་སྲིད་ཇུས་གང་ལེགས་སྤྱོད་པ། མཐའ་མཚམས་ཁྲོམ་རའི་ཉོ་ཚོང་བྱེད་རྒྱ་ཆེ་རུ་གཏོང་བ། མཐའ་མཚམས་ཉོ་ཚོང་ཁེ་ལས་དང་མཐའ་མཚམས་ཉོ་ཚོང་མཉམ་ལས་རྩ་འཛུགས་སྐྱེད་སྲིང་ཧུར་ཐག་བྱེད་པ། མཐའ་མཚམས་ཉོ་ཚོང་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མཐའ་མཚམས་ཉོ་ཚོང་ལས་རིགས་མགྱོགས་ལ་སྐྱོན་བྲལ་སྒོ་ནས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་2015ལོར་མཐའ་མཚམས་ཉོ་ཚོང་དངུལ་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་23ལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུ་ཡིན་ཞིང་། བོད་ལུགས་གསོ་རིགས་དང་བོད་སྨན་ཐོན་ལས་སྔོག་འདོན་དང་འཕེལ་རྒྱས་བཏང་ནས་གྲགས་ཅན་བོད་ལུགས་གསོ་རིག་སྨན་པ་གསོ་སྐྱོང་དང་། གྲགས་ཅན་སྡེ་ཁག་གཏོད་པ། གྲགས་ཅན་སྨན་རྩིས་ཁང་སྐྲུན་པ། བོད་ལུགས་གསོ་རིག་དང་བོད་སྨན་གྲོང་གསེབ་དང་། སྡེ་ཁུལ། ཁྱིམ་ཚང་བཅས་སུ་སྐྱེལ་བའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་རྒྱུ་དང་། ལྷ་སྤྲེལ་བོད་སྨན་ལས་རིགས་དང་གྲོང་ཁྱེར་སྨན་རྩིས་ཁང་ལ་བརྟེན་ནས་ནང་སའི་སྨན་རྫས་ཐོན་སྐྱེད་ཁེ་ལས་དང་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་བ་དང་དེང་རབས་ཚན་རྩལ་དང་ཐོན་སྐྱེད་བཟོ་རྩལ་སྤྱད་དེ་བོད་སྨན་ཞིབ་བཟོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།