དབུ་ཤོག>གསར་འགྱུར།
  • སྲིད་ཇུས་ལ་བརྟེན་ནས་བོད་ལྗོངས་ཀྱི་ཆུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-08

    བོད་དུ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་འཛམ་གླིང་ཀུན་གྱིས་ཁས་ལེན་བྱེད་པའི་ཚྭ་མེད་ཆུའི་ཐོན་ཁུངས་མང་པོ་ཡོད། ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དམ་འཛིན་བྱས་ནས་ཆུའི་སྣོད་བཅུད་ཐོན་ཁུངས་ལུགས་མཐུན་གསར་སྤེལ་དང་བེད་སྤྱོད་བྱེད་པའི་རྨང་གཞིའི་ཐོག་ཚན་རྩལ་ལ་བརྟེན་པ་མ་ཟད། རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོས་ནས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ཀྲུང་གོའི་ཞིབ་བཤེར་ནད་ཡམས་བརྟག་ཞིབ་ཚན་རིག་ཁང་གིས་བོད་ལ་ཞིབ་བཤེར་ཚད་ལེན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས་ལོ་7སོང་ཡོད་ཅིང་། ཡོན་ཀྲང་གཞོན་པ་ལི་ལིས་ཞིབ་དཔྱད་ཚད་ལེན་གྱི་གྲུབ་འབྲས་ལ་གཞིགས་ན། མིག་སྔའི་བར་དཔེ་འཐེན་བརྟག་དཔྱད་བྱས་པའི་ཆུའི་སྟོན་རྟགས་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་དང་མཐུན་ཡོད། ཞིབ་བཤེར་ཚད་ལེན་གྱི་གྲུབ་འབྲས་ལ་དབྱེ་ཞིབ་བྱས་པ་བརྒྱུད་བོད་ཀྱི་ཆུ་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་ཞིག་ཡིན་པ་ར་སྤྲོད་བྱུང་བ་དང་བོད་ཀྱི་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རིག་ཁང་དེས་ཁྱབ་བསྒྲགས་བྱས་པའི《བོད་ཀྱི་རང་བྱུང་འཐུང་ཆུའི་ཞིབ་བཤེར་ཚད་ལེན་གྱི་སྙན་ཞུའི》ནང་སྤྱི་ཚོགས་ཡོངས་ལ་བོད་ཀྱི་ཆུ་དྭངས་ཤིང་གཙང་ལ་སྔོ་ལྗང་བདེ་ཐང་གི་འཐུང་ཆུ་ཞིག་ཡིན་པ་བསྟན་ཡོད།

    གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱིས་ཀྲུང་དབྱང་གིས་བོད་ལ་འཛིན་པའི་དམིགས་བསལ་ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གང་ལེགས་བྱེད་ཀྱི་ཡོད། རང་ལྗོངས་སུ་གཏེར་ཆུ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཐན་ཀྲའོ་ཧྲེང་ཆུན་མ་རྐང་ཚད་ཡོད་ཀུང་སིར་མཚོན་ན་ཁེ་ལས་དེར་ཐོན་སྐྱེད་གཉེར་སྐྱོང་ཐད་ཁེ་བཟང་ཐེངས་དང་པོ་བྱུང་བ་ནས་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་ལོ5བར་ཆག་ཡང་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གཞན་ཡང་རང་ལྗོངས་ཀྱི་དོན་དངོས་དང་བསྟུན་ནས་རང་ལྗོངས་སུ་ཡོད་པའི་ཁེ་ལས་ཁག་ཏུ་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་ཚུད་པའི་ཁེ་ལས་ལ་2011ལོ་ནས་2020ལོའི་བར་ཁེ་ལས་ཀྱི་ཐོབ་ཁྲལ་15%བསྡུ་གི་ཡོད།

    མིག་སྔར་རང་ལྗོངས་སུ་ཆུའི་ཐོན་ཁུངས་ཀྱི་ཁེ་ལས་གཙོ་བོ་ལྷ་ས་དང་གཞིས་རྩེར་ཡོད་པ་དང་། གཏེར་ཆུ་ཐོན་སྐྱེད་བྱེད་མཁན་ཁེ་ལས37བཙུགས་ཡོད་པ་དང་གཏེར་ཆུ་ཏུན་ཁྲི230ཐོན་སྐྱེད་བྱེད་ཀྱི་ཡོད། 2013ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་ལ་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.08མངོན་འགྱུར་བྱུང་ཡོད། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་པ་དེས་རང་ལྗོངས་ཀྱི་ཁྱད་ལྡན་ཆུའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།