དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི་ས་གཙང་ལྷད་མེད་ཐོན་ ལས་ཀྱི་འཕེལ་ཕྱོགས་བཟང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-08

    ལོ་འདི་ཤར་ཚུན་ལྷ་ས་གྲོང་ཁྱེར་གི་ས་གཙང་ལྷད་མེད་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་། རྫོང་ཁག་གི་ས་གཙང་ལྷད་མེད་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཞིག་ཆགས་ཟིན་པ་མ་ཟད་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ནས“ལྷ་ས་གྲོང་ཁྱེར་གྱི་ས་གཙང་ལྷད་མེད”ཀྱི་སྤུས་རྟགས་ཕན་འབྲས་མངོན་བཞིན་མཆིས།

    ཉིན་ཤས་གོང་གསར་འགོད་པས་ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་བསྐྱོད་སྐབས་ལས་བཟོ་ཚོས་མཱ་ཁ་འདེབས་འཛུགས་བྱེད་བཞིན་འདུག་ལ་དཔེ་སྟོན་ཁུལ་ནང་གི་མཱ་ཁ་དང་། རྒུན་འབྲུམ། མེ་ཏོག་ཡུས་ཅིན་ཤང་སོགས་ཀྱི་སྐྱེ་ཚུལ་དེ་བས་ལེགས་པའི་རྣམ་པ་ཞིག་མངོན་བཞིན་འདུག ད་ཆ་ཆུ་ཤུར་གྱི་མཱ་ཁ་ནི་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པའི་ཐོན་ཟོག་ཞིག་ཡིན། དཔེ་སྟོན་ཁུལ་དེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་གསར་འགོད་པར་ན་ནིང་ཆུ་ཤུར་རྗོང་གིས་མཱ་ཁ་མུའུ་5000འདེབས་འཛུགས་བྱས་པ་དེ་ད་ཆ་ཚང་མ་བཙོངས་ཟིན། འདི་ལོ་ཆུ་ཤུར་རྫོང་གིས་མུ་མཐུད་དེ་མཱ་ཁ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་ནས་མུའུ་ཁྲི1.3འདེབས་རྩིས་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་སྤུས་ཚད་ཕན་འབྲས་ལ་དེ་བས་དོ་སྣང་བྱས་ནས་བཏུང་བཅའ་དང་། བཟའ་བཅའ། སྨན་རྫས། རྒྱན་ཆའི་རིགས་བཅས་ནི་ས་གཙང་ལྷད་མེད་ཐོན་ལས་ཀྱི་སྤུས་རྟགས་སུ་བརྩིས་པའི་ཐོག་རང་བྱུང་འཐུང་ཆུ་དང་། བཞོན་མ། དཔལ་འབྱོར་ནགས་གླིང་སོགས་ཐོན་ལས་ཆེན་པོ་9འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་བྱས་པ། འཐུང་ཆུའི་ཐོན་ཁུངས་ཞིབ་འཇུག་དང་ཐོན་ཟོག་གསར་སྤེལ་དང་ཐོན་ཟོག་ཁས་ལེན་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་། འཐུང་ཆུའི་ཁེ་ལས་5གསར་དུ་བཙུགས་ཏེ་ཆུའི་ཐོན་ལས་དང་ཐོན་ནུས་ཏུན་350ཟིན་པ་བྱས་ནས“ལྷ་སའི་ས་གཙང་ལྷད་མེད”ཁུལ་གྱི་སྤུས་རྟགས་ཤིག་གཏོད་རྒྱུ་དང་འབྲེལ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་50ཟིན་པ་བྱས་ནས་ལྷ་སའི་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་ཟོག་ས་མཐོ་དང་། རྒྱལ་ཡོངས། འཛམ་གླིང་བཅས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་གསོ་ཚགས་དཔེ་སྟོན་འདུ་འགོད་ལག་བསྟར་བྱ་རྒྱུ་དང་འབྲེལ་བཞོན་མ་གསོ་ཚགས་ཀྱི་དཔེ་སྟོན་གྲོང་ཚོ་5དང་། བཞོན་མའི་དཔེ་སྟོན་དུད་ཁྱིམ་100 ཕག་པ་གསོ་ཚགས་ཀྱི་རྟེན་གཞི་2བཅས་གསར་དུ་འཛུགས་རྒྱུ་དང་བོད་བྱ་ཁྲི་60དང་ངང་པ་མགོ་ཁྲ་ཁྲི་2.5གསོ་ཚགས་བྱ་རྒྱུ་དང་འབྲེལ་ཕག་པ་མགོ་གྲངས་ཁྲི་7བཤས་གཏོང་རྒྱུ་མ་ཟད། ཚན་རིག་ལ་བརྟེན་ནས་འདེབས་འཛུགས་ཆུ་ཚད་ཆེ་རུ་བཏང་སྟེ་བཟའ་བཅའི་ཤ་མོ་བཟོ་གྲྭའི་ཐོན་ལས་རྟེན་གཞི་2གསར་དུ་བཙུགས་པ་དང་། མཱ་ཁ་དང་། རྒུན་འབྲུམ། མེ་ཏོག་སེ་བ། མེ་ཏོག་ཡུས་ཅིན་ཤང་། འདྲེ་ཚེར་མ་སོགས་མུའུ་ཁྲི་2.3དང་། མེ་ཏོག་ཅིན་དབྱིན་ཧྭ་མུའུ་ཁྲི་1བཅས་འདེབས་རྒྱུ་མ་ཟད། ལས་སྣོན་བྱེད་སྟངས་འཐུས་ཚང་དུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ཟོག་གི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།