དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ལ་ཟླ་དང་པོ་དང་གཉིས་པར་དཔྱ་ཁྲལ་ཡོང་འབབ་སྒོར་དུར་ཕྱུར་10ཙམ་བྱུང་བ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-02

    ཚེས་22ཉིན་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་དང་པོ་དང་གཉིས་པར་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ཡོང་འབབ་སྒོར་དུང་ཕྱུར་10ཙམ་མཛོད་བཅུག་བྱས་པ་དེ་དུས་མཚུངས་ལས་52.43%མང་དུ་ཕྱིན་ནས་ལྟེ་བའི་གྲོང་ཁྱེར་གྱི་དཔྱ་ཁྲལ་ཡོང་འབབ་ཁྱབ་ཁོངས་ཀྱི་གནས་བབ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདི་ལོའི་ཟླ་དང་པོ་དང་གཉིས་པའི་དཔྱ་ཁྲལ་ཡོང་འབབ་ལ་གཤམ་གསལ་ཁྱད་ཆོས་མངོན་པ་སྟེ། གཅིག་ནི་ཁྲལ་རིགས་ཆེ་གྲས་བཞིས་གྲོང་ཁྱེར་དེ་ཡོངས་ཀྱི་ཡོང་འབབ་བསྡོམས་འབོར་གྱི་བཅུ་ཆ་དགུ་ཟིན་ཞིང་། ཁྲལ་རིགས་ཀྱི་གྲུབ་ཆའི་ངོས་ནས་བལྟས་ན་གནས་ཐང་འཕར་ཁྲལ་དང་། ལས་གཉེར་དཔྱ་ཁྲལ། ཁེ་ལས་ཀྱི་ཐོབ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ་བཅས་སྔར་བཞིན་ལྷ་ས་གྲོང་ཁྱེར་གྱི་དཔྱ་ཁྲལ་ཡོང་འབབ་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། གཉིས་ནི་ཀྲུང་དབྱང་རིམ་པ་དང་ས་གནས་རིམ་པའི་དཔྱ་ཁྲལ་ཡོང་འབབ་མཐུན་སྦྱོར་ངང་འཕར་ཞིང། སྔོན་རྩིས་རིམ་པ་ལེགས་གྲུབ་བྱས་ཚུལ་ལ་བལྟས་ན་ཟླ་དང་པོ་དང་གཉིས་པར་ཀྲུང་དབྱང་རིམ་པའི་ཡོང་འབབ་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དཔྱ་ཁྲལ་ཡོང་འབབ་བསྡོམས་འབོར་གྱི་46.67%བཟུང་བ་དང་ས་གནས་རིམ་པས་ལྷ་ས་གྲོང་ཁྱེར་གྱི་དཔྱ་ཁྲལ་ཡོང་འབབ་བསྡོམས་འབོར་གྱི་53.33%བཟུང་སྟེ་ས་གནས་རིམ་པ་དང་ཀྲུང་དབྱང་རིམ་པ་མཐུན་སྦྱོར་ངང་མང་དུ་ཕྱིན་ཡོད་པ། གསུམ་ནི་སྤྱི་དབང་མིན་པའི་དཔྱ་ཁྲལ་ཡོང་འབབ་གནས་བབ་ཀྱིས་སྔར་བཞིན་གྲུབ་ཆ་གཙོ་བོའི་གནས་བབ་བཟུང་ཞིང་། ཟླ་དང་པོ་དང་གཉིས་པར་ལྷ་ས་གྲོང་ཁྱེར་དུ་སྤྱི་དབང་མིན་པའི་དཔྱ་ཁྲལ་ཡོང་འབབ་སྣ་ཚོགས་སྒོར་དུང་ཕྱུར་9.43བྱུང་བ་དེ་དུས་མཚུངས་ལས་51.51%མང་དུ་ཕྱིན་ཡོད་པ། བཞི་ནི་ཐོན་ལས་གསུམ་པའི་ཡོང་འབབ་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དཔྱ་ཁྲལ་ཡོང་འབབ་ནང་བཟུང་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཞིང་། ཐོན་ལས་གསུམ་པའི་དཔྱ་ཁྲལ་ཡོང་འབབ་ཀྱིས་སྔར་བཞིན་ལྷ་ས་གྲོང་ཁྱེར་གྱི་དཔྱ་ཁྲལ་ཡོང་འབབ་བསྡོམས་འབོར་གྱི་81.61%བཟུང་བའི་ནང་བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་དེ་ལས་རིགས་ཁག་གི་མདུན་གྲལ་དུ་སླེབས་ནས་དཔྱ་ཁྲལ་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་32005ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།