དབུ་ཤོག>གསར་འགྱུར།
  • ངལ་ནུས་སྤུས་རྟགས་གཏོད་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐུལ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-01

    ཛ་དྲག་གི་ངལ་ནུས་ཁྲོམ་རྭའི་འགྲན་རྩོད་ནང་ངལ་ནུས་སྤུས་རྟགས་ནི་འགྲན་རྩོད་ཁྲོད་ཀྱི་མཚོན་ཆ་རྣོན་པོ་ཞིག་དང་ཕྱོགས་བཞིར་འགྲིམ་པའི་“འགྲོ་བསྐྱོད་ལག་ཁྱེར”ལྟ་བུ་ཞིག་ཡིན། ད་ལོའི་ཟླ་བ་༢པའི་ཚེས་༡༣ཉིན་སྟག་རྩེ་རྫོང་གིས་ཡིག་ཐོག་སྙན་ཞུ་འཕུལ་བའི་ངལ་ནུས་སྤུས་རྟགས་སྤོས་བཟོ་སྐྲུན་འཛིན་གྲྭ་དེ་སྟག་རྩེ་རྫོང་བོད་ལྗོངས་དབང་པོ་རི་བཟོ་ཚོང་ཚད་ཡོད་ཀུང་སིར་(དེ་སྔོན་བྱ་གསར་གྲོང་ཚོའི་སྤོས་བཟོ་སྐྲུན་མཉམ་ལས་ཚོགས་པ་)གཉེར་བ་རེད། ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭར་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་བརྒྱབ་སྐྱོར་ཆེན་པོ་ཐོབ། རོགས་སྐྱོར་འདི་བརྒྱུད་ནས་འདི་ཁུལ་ཞིང་འབྲོག་གི་ཡོང་འབབ་འཕར་སྣོན་བྱུང་བ་མ་ཟད་སྟག་རྩེ་རྫོང་ངལ་ནུས་སྤུས་རྟགས་གསར་སྤེལ་དེ་སྐས་རིམ་གསར་པ་ཞིག་ལ་འཛེགས་པར་སྐུལ་འདེད་ཐེབས་ཡོད།

    དང་ཐོག“སྤོས”ནི་བོད་ལྗོངས་ཀྱི་དམིགས་གསལ་ཐོན་རྫས་ཞིག་ཡིན་པ་མ་ཟད་ཉེ་བའི་ལོའི་ནང་རྒྱལ་ཁབ་ཕྱི་ནང་གི་ཡུལ་བསྐོར་བས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་ལ་ཁྲོམ་རྭའི་ནུས་ཤུགས་ཀྱང་ཆེན་པོ་ལྡན་ཡོད།  སྟག་རྩེ་རྫོང་གི་ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ངལ་ནུས་སྤུས་རྟགས་ཁྲོད་ཀྱི་རིག་གནས་རིན་ཐང་དང་དཔལ་འབྱོར་རིན་ཐང་གི་ནུས་ཤུགས་སྔོགས་འདོན་བྱས་དེ་ཚོང་རྟགས་ཀྱི་དགེ་མཚན་དར་སྤེལ་བཏང་ཡོད།

    དེ་ནས། ངལ་ནུས་སྤུས་རྟགས་ནི་གྲོང་གསེབ་ངལ་རྩོལ་པ་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དེས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད་ཐོན་ལས་སྤུས་ལེགས་གྲུབ་པའི་འགག་རྩ་ཞིག་ཡིན། སྟག་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་ནུས་སྤུས་རྟགས་ཀྱི་ནུས་པ་འབུར་ཐོན་དེ་རྟོགས་ནས་ནུས་ཤུགས་ཆེན་པོས་ས་ཆ་དེ་གའི་ཁྱད་ལྡན་ངལ་ནུས་སྤུས་རྟགས་རྒྱ་སྐྱེད་བཏང་དེ་ས་ཆ་དེ་གའི་ཞིང་འབྲོག་གི་ལས་ཞུགས་སྤོ་སྒྱུར་དང་ངལ་ལས་ཕྱིར་གཏོང་ལས་ཀར་སྐུལ་འདེད་བཏང་དེ་འདི་ཁུལ་གྱི་ཞིང་འབྲོག་མང་ཚོགས་དང་། ཁེ་ལས། གྲོང་གསེབ་མཉམ་ལས་ཚོགས་པ།   སོགས་ལ་སྣེ་ཁྲིད་དེ་ཐག་ཉེ་ས་དང་ས་ཆ་དེ་གའི་ལས་ཞུགས་སྤོ་འགྱུར་དང་ངལ་ནུས་ཕྱིར་གཏོང་སོགས་མངོན་འགྱུར་བྱས་ནས་ཡོངས་འབབ་འཕར་བསྣོན་བྱེད་པ་དང་ངལ་ནུས་དཔལ་འབྱོར་གྱི་ཐོན་ལས་དཔལ་འབྱོར་ལ་སྐུལ་འདེད་བཏང་ནས་བྱ་ཐབས་གཉིས་མཉམ་སྤྱོད་དང་ཕན་ཚུན་སྣེ་ཁྲིད་དེ་ཐོན་ལས་སྤོ་སྒྱུར་དང་ལས་ཞུགས་སོགས་ཀྱི་སྟག་རྩེ་རྫོང་གི་ཐོན་ལས་གསར་པ་གསོ་སྐྱོང་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    ངལ་ལས་ཚོང་རྟགས་གཏོད་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་ཞིག་ཡིན། ང་ཚོས་སྟག་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་གྱི་གསོ་སྦྱོང་གྱི་ཐབས་ལམ་བརྒྱུད་ནས་ལས་རིགས་ལག་རྩལ་དང་སྦྱངས་ཚད་སོགས་གོང་མཐོར་ཕྱིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ངལ་ནུས་སྤུས་རྟགས་ཀྱི་དྲིལ་བསྒྲགས་ནུས་པར་ད་དུང་ཤུགས་སྣོན་རྒྱག་དགོས། དེ་འདྲ་བྱས་ན་ངལ་ནུས་སྤུས་རྟགས་དེ་དེ་བས་ཀྱང་ཆར་རྗེས་ཀྱི་མྱུ་གུ་ལྟར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དེ་བས་ཀྱང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་གཏོང་ཐུབ་པ། དེ་བས་ཀྱང་སྟག་རྩེ་རྫོང་གི་དཔལ་འབྱོར་མགྱོགས་མྱུར་ངང་གོང་མཐོར་གཏོང་ཐུབ།

    པ་སངས་སྒྲོལ་དཀར་གྱིས་བསྒྱུར།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།