དབུ་ཤོག>གསར་འགྱུར།
  • གམ་པའི་ལུག་གི་དཔལ་འབྱོར་ཁུལ་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-01

    ཚེས་28ཉིན་གྱི་སྔ་དྲོ་གཞིས་རྩེ་གྲོང་ཁྱེར་གྱིས་གམ་པའི་ལུག་གི་དཔལ་འབྱོར་ཁུལ་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་གམ་པའི་ལུག་གི་ཐོན་ལས་ལ་ཁྲོམ་རའི་མདུན་ལམ་དང་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་པས་རྒྱ་ཆེའི་ཞིང་འབྲོག་པར་ཡོང་འབབ་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། གམ་པའི་ལུག་གི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་ལུག་ཤའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དང་མཐུན་པ་དང་། ཚན་རྩལ་ལ་བརྟེན་ནས་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་དེང་རབས་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་དང་མཐུན་ཡོད་པས། གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་དེ་བས་མྱུར་བ་དང་། དེ་བས་ལེགས་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ངོས་ནས་བརྗོད་ན་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད་ཅེས་མཛུབ་སྟོན་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།