དབུ་ཤོག>གསར་འགྱུར།
  • མཉམ་སྡེབ་དཔལ་འབྱོར་ནས་གསོན་ཤུགས་ཧ་ཅང་ཆེན་པོ་ཞིག་ཐོན་པ་བྱེད་དགོས། 

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-03-31

    སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་གི་ལོ་རྒྱུས་ལས་འགན་གལ་ཆེན་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སུ་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་གལ་ཆེན་གཞན་ཞིག་རེད། རང་ལྗོངས་ཀྱིས་དུས་སྐབས་ཀྱི་ཆུ་རྒྱུན་དང་བསྟུན་པ་དང་། “ཐོན་སྐྱེད་གོང་འཕེལ་དང་། ལྟོ་གོས་འཛོམས་པ། ཡུལ་སྲོལ་བཟང་བ། གྲོང་ཚོ་བཀོད་གཙང་། བདག་གཉེར་དམངས་གཙོ”བཅས་ཀྱི་བླང་བྱ་གཞིར་བཟུང་བ། ས་གནས་ཁག་གི་དོན་དངོས་ལ་གཞི་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་འབྲོག་པའི་བསམ་འདུན་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་ཏན་ཏིག་བཏང་ཡོད།

    ལོ་15འཁྱུག་ཙམ་དུ་སོང་རུང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ཡོད་པའི་ལྷོ་བྲག་རྫོང་ཚེ་སྨད་གྲོང་ལྷན་གྱིས་མི་ཡུལ་གྱི་ངོ་མཚར་བྱས་རྗེས་ཏེ“ཚེ་སྨད་ཀྱི་མྱུར་ཚད”ཅིག་བཏོད་ཡོད། དུད་ཚང་68དང་མི་གྲངས་200ལྷག་ཙམ་ལས་མེད་པའི་གྲོང་ལྷན་དེའི་མི་རེའི་ཡོང་འབབ་ཁེ་གཙང་སྒོར་800ནས་སྒོར་9260བར་དུ་མྱུར་དུ་འཕར་ཞིང་། མངོན་གསལ་ཆེ་བའི་གཞི་གྲངས་དང་བདེན་པ་བདེན་ཐུབ་ཀྱི་དཔེ་མཚོན་དེས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་སྒྲུབ་མི་ཐུབ་པའི་བསམ་འདུན་ཞིག་མིན་པ་སླར་ཡང་ར་སྤྲོད་བྱས་ཡོད།

    ཚེ་སྨད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་བརྒྱུད་རིམ་དེས་ང་ཚོར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་དང“ཨུ་ལྷན་གཉིས”ཀྱི་རྩ་འཛུགས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་དགོས་ལུགས་དང་དེ་བཞིན་གཟིགས་སྐྱོང་སྲིད་ཇུས་ཁག་ཁོང་དུ་བརྟན་པོར་ཆུད་པ་བྱེད་པའི་ཐོག་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་། མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེར་གཏོང་། ཞིང་འབྲོག་པའི་འབབ་འཕར་ལ་ལྕག་སྐུལ་བཅས་བྱེད་དགོས་ལུགས་གསལ་བཤད་བྱས་ཡོད། དེས་ན་ང་ཚོས་ཚེ་སྨད་གྲོང་ལྷན་གྱིས“གཉིས་ལྡན་དུད་སྦྲེལ”གསར་གཏོད་ཀྱི་ལས་དོན་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་གྲོང་དར་དམངས་ཕྱུག་ཡོང་བ་བྱ་རྒྱུ་དང་ཟུང་འབྲེལ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་ཟུང་འབྲེལ་བཅས་བྱས་ནས“ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་ཐོག་བཀོད་སྒྲིག གྲོང་མི་ཕན་ཚུན་རོགས་རམ་དང་གཉིས་ཀར་ཕན་པ”བཅས་ཀྱི་འཕེལ་རྒྱས་ལམ་བུ་ཞིག་བཏོད་པར་སློབ་སྦྱོང་ཡག་པོ་བྱེད་དགོས། ཚེ་སྨད་ཀྱིས་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་འཕེལ་རྒྱས་དོན་གཉེར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་དང་།

    བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་ཅེས་བརྗོད་ཆོག

    སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་དང་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་རིང་གལ་ཆེ་ཤོས་ཤིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་ཞིང་། གྲོང་གསེབ་ཏུ་ཡོད་པའི་ཏང་གི་སྲོག་ཤིང་དང་རྐང་འཛིན་གྱི་སྟོབས་ཤུགས་ཤིག་དང་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གྲོང་གསེབ་ཏུ་ལག་ལེན་བསྟར་མཁན་ཞིག་ཡིན་པའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་གྲོང་གསེབ་ཀྱི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་དང་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་གལ་ཆེན་ཞིག་ཁུར་བཞིན་ཡོད། ཚེ་སྨད་གྲོང་ལྷན་གྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱས་ནས་གྲོང་ལྷན་གྱི་ལས་བྱེད་པའི་དཔུང་ཁག་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་རྒྱུན་མི་ཆད་པར་བཏང་ཡོད། གྲོང་ལྷན་བཙུགས་ནས་ལོ་15སོང་བའི་ནང“ཨུ་ལྷན་གཉིས”ཚན་ཁག་གིས་ད་བར་དུ་ཡང་དག་པའི་ཕྱོགས་སུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཡོད། མིག་སྔའི་དུས་བབ་གསར་པའི་འོག“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དང་ཐོག་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་ལྷག་པར་དུ་ཀྲི་པུའུ་ཧྲུའུ་ཅི་འདེམས་བཀོད་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་ངེས་པར་དུ་ཆབ་སྲིད་བྱང་ཚད་མཐོ་བ་དང་། སྙན་གྲགས་ཆེ་བ། ཕྱུག་འགྱུར་འཇོན་ཐང་ཆེ་བ་བཅས་ཀྱི་ཚད་གཞི་ལྟར་ལས་བྱེད་པ་འོས་འདེམས་ཀྱང་བྱེད་དགོས། གཞན་ཡང་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་ལ་མཐོང་ཆེན་བྱས་ཏེ་རྗེས་གྲབས་ལས་བྱེད་པའི་མཛོད་འཛུགས་པ་དང་། གསོ་སྐྱོང་བྱེད་ཤུགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཏང་རྩ་འཛུགས་ཀྱི་རྒྱུན་འཛིན་པ་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འདེམས་བཀོད་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

    སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་དང་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་མཐའ་མའི་དམིགས་ཡུལ་ནི་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་གལ་ཆེན་བྱས་ཡོད་ལ་དེང་རབས་ཞིང་ལས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས་པ་དང་། ཞིང་པའི་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ་དང་འཐུས་ཚང་དུ་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་ནས་མྱུར་དུ་འཐུས་ཚང་དུ་གཏོང་དགོས་པ་བཅས་གསལ་སྟོན་ཡང་བྱས་ཡོད། མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་གཏོང་བ། ཞིང་ལས་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར། ཞིང་པ་ཕྱུག་འགྱུར་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་འཕེལ་རིམ་ནང་རྒྱ་ཆེའི་ཞིང་པ་འདྲ་མཉམ་ངང་ཞུགས་རྒྱུ་ཡོང་བ་དང་རྒྱ་ཆེའི་ཞིང་པར་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།

    དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་གི་ཚེ་སྨད་ལ་ཆ་མཚོན་ན། “དབུལ་ཞིང་ཕོངས་པ”དང“སྐྱོ་བ་དང་། ཞན་པ། ཟང་ཟིང”བཅས་ནི་ཚེ་སྨད་ཀྱི་རྣམ་པ་ངོ་མ་ཞིག་རེད། བབ་བསྟུན་སྒྱུར་བཅོས་བྱས་ན་ཕྱུག་འགྱུར་བདེ་སྐྱིད་ཡོང་ཞིང་། སྒྱུར་བཅོས་བྱས་རྗེས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ནའང་གྲོང་གསེབ་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་དཀའ་ཚེགས་ཧ་ཅང་ཆེན་པོ་འཕྲད་ཡོད། སྒྱུར་བཅོས་བྱེད་པའི་འགག་རྩ་དེ་དངོས་སུ་ལག་ལེན་བྱ་རྒྱུར་རག་ལས་པ་དང་ཀྲུང་དབྱང་གི་སྲིད་ཇུས་ལ་གོ་བ་ཡག་པོ་ལེན་རྒྱུར་རག་ལས་ཡོད། ཚེ་སྨད་ཀྱིས་ས་གནས་དེ་གའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཕུགས་ཡུན་གྱི་དགོས་མཁོར་གཞིགས་ཏེ“དངོས་ཐོག་བདེན་འཚོལ”གྱི་སྙིང་སྟོབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། དེའི་ཐོག་ནས་བརྗོད་ན་ང་ཚོས་ཚེ་སྨད་ཀྱི་དཔེ་མཚོན་ཉམས་མྱོང་སློབ་སྦྱོང་བྱ་རྒྱུ་དེ་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཁོ་ན་ཙམ་མིན་པར་ཚེ་སྨད་གྲོང་ལྷན་གྱི་དཔེ་མཚོན་ཉམས་མྱོང་སྒྱུར་བཅོས་ཀྱི་ལས་དོན་ཡོངས་ནང་ཁྱབ་པར་བྱ་རྒྱུ་དེ་རེད།

    ཚེ་སྨད་ཀྱི་དཔེ་མཚོན་ཉམས་མྱོང་ཁྱབ་གདལ་ཐུབ་མིན་གྱི་འགག་རྩ་དེ་གྲོང་ལྷན་གྱི་འགོ་ཁྲིད་ཚན་ཁག་གིས་མི་དམངས་ལ་བསམ་གཞིག་ངོ་མ་བྱེད་མིན་ལ་ཐུག་ཡོད། ཚེ་སྨད་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་ནི་དུས་རབས་ཀྱི་ཚད་རྒྱུག་ཅིག་དེ་བས་ཡིན། ང་ཚོས་ཚེ་སྨད་ལ་སློབ་སྦྱོང་བྱེད་སྐབས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པར་བྱེད་དགོས།

    སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བར་ངེས་པར་དུ་ཞི་མཐུན་ལྡན་པའི་སྤྱི་ཚོགས་ཀྱི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུ་བློ་ལ་བརྟན་པོར་ངེས་དགོས།

    གཞི་རིམ་གྱི་རྨང་གཞིའི་ལས་དོན་ནི་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་རྨང་གཞི་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་འགག་རྩ་དེ་གཞི་རིམ་ལ་ཐུག་ཡོད། གཞི་རིམ་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་ལ། ཞི་མཐུན་སྤྱི་ཚོགས་སྐྲུན་པའི་རྨང་གཞི་ཞིག་ཀྱང་རེད། རྨང་གཞི་བརྟན་པོ་མེད་ཚེ་ས་གཡོ་ལ་རི་འགུལ་ངེས་རེད། གཞི་རིམ་ནི་ཐོན་སྐྱེད་ཁེ་ཕན་གྱི་གདོང་ཐུག་དང་སྤྱི་ཚོགས་ཀྱི་འགལ་བ་ཐོན་པའི“འབྱུང་རྩ”ཞིག་རེད་ལ། ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་སྤྱི་ཚོགས་ཀྱི་འགལ་བ་སེལ་བའི“བཏབ་ཤུལ”ཞིག་ཀྱང་རེད་ཅེས་བརྗོད་ཆོག གཞི་རིམ་གྱི་རྨང་གཞིའི་ལས་དོན་ཏན་ཏིག་བསྒྲུབས་ཚེ་ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་ཡོང་བ་དང་། སེམས་ནད་ཚང་མ་སེལ་ཐུབ་པ། སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་དུས་ཐོག་ཏུ་སེལ་ཐུབ་པ། འགལ་བ་སྣ་ཚོགས་ཀྱང་ནུས་ལྡན་ངང་སེལ་ཐུབ་པ་མ་ཟད། ད་དུང་སྤྱི་ཚོགས་ཞི་མཐུན་ལའང་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ། དེར་བརྟེན་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུར་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་རྒྱུའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ཚེ་སྨད་གྲོང་ལྷན་གྱིས་གྲོང་ཚོ་སྟོབས་ཆེར་གཏོང་རྒྱུ་དང་མང་ཚོགས་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་རྒྱུའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་། གཅིག་རམ་གཅིག་འདེགས་བྱས་པ། ཆར་པ་ཆུ་གྲོགས་བྱས་པས་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་པ་དང་། རྫོགས་མཐའ་མེད་པའི་གསོན་ཤུགས་ཤིག་ཐོན་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་དང་སྤྱི་ཚོགས་ཀྱི་འགྲིལ་ཤུགས་ཆེན་པོ་ཞིག་སྦྱིན་ཐུབ་པ་བྱུང་བ། བརྟན་ལྷིང་ལུགས་མཐུན་གྱི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།

    སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པར་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་ནི་འགག་རྩའི་ལྷུ་ཚིགས་ཤིག་རེད། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་བསམ་པའི་སྙིང་སྟོབས་འཕེལ་བ་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། གྲོང་ཚོ་ཨུ་ལྷན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ལས་དོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་རེད། དུས་བབ་གསར་པའི་འོག་གྲོང་ཚོ་ཨུ་ལྷན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་འཇོག་དགོས། དེ་ཉིད་ཞིང་འབྲོག་པའི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། གྲོང་ཚོ་ཨུ་ལྷན་གྱི་ཤེས་དཔལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། གྲོང་ཚོ་ཨུ་ལྷན་སྒྱུར་བཅོས་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གཞི་རིམ་གྱི་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་ཡོད། དུས་ཡུན་རིང་པོའི་ནང་ཚེ་སྨན་གྲོང་ཚོ་ཨུ་ལྷན་གྱིས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་སྤྱི་ཚོགས་ཀྱི་ཞིབ་ཕྲའི་འདུ་འགོད་ཅིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ལེགས་སུ་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་ཏན་ཏིག་བཏང་བ། ཚེ་སྨད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་ཐ་ན་ཞི་མཐུན་སྤྱི་ཚོགས་འཕེལ་རྒྱས་ཆེད་རིག་ནུས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་བསམ་པའི་སྒུག་ཤུགས་ཆེན་པོ་ཞིག་བཏོན་ཡོད། གྲོང་ཚོ་ཨུ་ལྷན་གྱི་དཔེ་མཚོན་ཉམས་མྱོང་དེས་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་། ཞིང་འབྲོག་ཁུལ་གྱི་འཚོ་བ། ཞིང་འབྲོག་པའི་འདོད་བློ་བཅས་ལ་བསྟུན་དགོས་པ་དང་། ས་བབ་དང་བསྟུན་རྒྱུ་དང་། ཁག་བགོས་མཛུབ་ཁྲིད་བྱ་རྒྱུ། འཛུགས་སྐྲུན་ལ་སྣང་ཆེན་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་དགོས་པ། ཞིང་པ་དང་འབྲོག་པ་གསར་པ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་དགོས་པ། རྣམ་པ་གསར་པ་དར་སྤེལ་དང་རིག་གནས་གསར་པ་འཕེལ་རྒྱས་གཏོང་དགོས་པ་བཅས་ང་ཚོར་གསལ་སྟོན་བྱས་ཡོད།

    མང་ཚོགས་ཁྲོད་གཞི་ཚུགས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་རྒྱུ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱ་རྒྱུ། མང་ཚོགས་ཀྱི་ལས་དོན་བསྒྲུབ་རྒྱུ་བཅས་བྱེད་ཐུབ་པ་བྱེད་དགོས། མང་ཚོགས་བློ་ཡིད་ཚིམས་མིན་དང་། མང་ཚོགས་དགའ་པོ་བྱུང་མིན། མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་མིན། མང་ཚོགས་ཀྱིས་ཁས་ལེན་བྱེད་མིན་བཅས་གཞི་རྩའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ནན་ཏན་ངང་ཐག་གཅོད་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྔར་བས་ལེགས་པར་མཚོན་པ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།