དབུ་ཤོག>གསར་འགྱུར།
  • སྟོད་ལུང་བདེ་ཆེན་རྫོང་གིས་དཔྱིད་རྨོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-28

    དཔྱིད་རྨོད་གྲ་སྒྲིག་ལས་དོན་ཁྱོན་ཡོངས་དང་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གིས་དཔྱིད་རྨོད་གྲ་སྒྲིག་ལས་དོན་ཐད་སྔ་ཙམ་འཆར་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་དོན་འཁྱོལ་བཅས་བྱས་ནས་ཞིང་སྤྱོད་དངོས་རྫས་ཉོ་སྒྲུབ་དང་གཏོང་འདྲེན་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། མིག་སྔར་དཔྱིད་རྨོད་གྲ་སྒྲིག་ལས་དོན་ཁག་ཛ་དྲག་ལ་གོ་རིམ་ལྡན་པ་དང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

    དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་འགན་ལེན་བྱ་ཆེད་སྟོད་ལུང་བདེ་ཆེན་རྫོང་གི་ཞིང་འབྲོག་སྡེ་ཚན་གྱིས་དཔྱིད་རྨོད་ཀྱི་ཞིང་སྤྱོད་དངོས་རྫས་གྲབས་གསོག་དངས་བོན་སྨན་སྦྱོར་ལས་དོན་ཧུར་ཐག་སྤེལ་ཞིང་། རྫོང་དེ་ཡོངས་སུ་རྨོ་ཞིང་མུའུ་ཁྲི་7.68ཡོད་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་5.5ཟིན་ཡོད། སྟོད་ལུང་བདེ་ཆེན་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཚེ་བསྟན་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་སྟོད་ལུང་བདེ་ཆེན་རྫོང་ལ་གྲོ་རིགས་སྐྱེ་དངོས་ཐོན་མཐོ་གཏོད་པའི་དཔེ་སྟོན་ས་ཞིང་མུའུ་ཁྲི་4.7དང་། ས་དཔྱད་ལུད་སྦྱོར་གྱི་དཔེ་སྟོན་ས་ཞིང་མུའུ་ཁྲི་5.66 སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་0.5བཅས་འདེབས་རྒྱུའི་ལས་འགན་ཡོད། ཐོན་སྐྱེད་ཀྱི་ལས་འགན་དེ་དག་ཤང་གྲོང་བཞིའི་འདེབས་འཛུགས་དཔེ་སྟོན་ས་ཚིགས་སུ་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ནས“བོད་ནས་ཨང་2000”སོགས་སོན་བཟང་གསར་པ་གསུམ་མུ་མཐུད་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད། མིག་སྔའི་བར་ཤང་གྲོང་ཁག་གི་ཞིང་དུད་ཀྱི་ཐོན་སྐྱེད་ལ་མཁོ་བའི་ས་བོན་དམིགས་སར་འབྱོར་བ་མ་ཟད། ཞིང་དུད་ལ་ས་བོན་ལེགས་འདེམས་དང་སྨན་སྦྱོར་གསོ་སྦྱོང་བྱས་པ་རེད།

    ཞིང་སྤྱོད་དངོས་རྫས་ཀྱི་གཏོང་འདྲེན་ལས་དོན་སྔར་བས་ཡག་པོ་སྤེལ་ཞིང་། ཁྱིམ་ལུད་ཏུན་ཁྲི་10.5བསགས་པ་དང་དཔྱིད་རྨོད་རྫས་ལུད་ཏུན་1160བེད་སྤྱོད། ཞིང་སྨན་སྣ་ཚོགས་ཏུན་23.7གཏོང་འདྲེན་བྱས་ཡོད། མིག་སྔར་ཤང་གྲོང་ཁག་གི་ཞིང་སྤྱོད་དངོས་རྫས་ཚང་མ་སྤྲད་ཟིན་ཡོད། དེ་དང་་དུས་མཚུངས་དཔྱིད་རྨོད་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། དཔྱིད་རྨོད་གོང་རྫོང་དེས་ཞིང་འཕྲུལ་ཞབས་ཞུའི་མི་སྣ་སྒྲིག་འཛུགས་བྱས་ནས་ཤང་གྲོང་ཁག་གི་ད་ཡོད་ཀྱི་ཞིང་འཕྲུལ་ཡོ་བྱད་ཉམས་གསོ་བྱས་པ་རེད།

    སྟོད་ལུང་བདེ་ཆེན་རྫོང་གི་ཞིང་འབྲོག་ཅུས་ཀྱིས་ད་དུང་ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཏུ་མྱུ་གུ་སྐྱེ་ཚུལ་དང་། སེར་ལངས་ཚུལ། ནད་འབུའི་གནོད་འཚེ་བཅས་ལ་ཞིབ་བཤེར་བྱས་པ་མ་ཟད། ཞིང་པར་ཞིང་ལས་ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།