དབུ་ཤོག>གསར་འགྱུར།
  • བློ་སེམས་གཅིག་སྒྲིལ་གྱིས་ཕྱུག་འགྱུར་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-27

    ལྗང་གྲོང་ཚོ་དེ་ཉིད་ཆུ་ཤུར་རྫོང་གི་ཤར་རྒྱུད་དུ་གནས་ཤིང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་30ཡོད་པ་དང་རྒྱལ་ལམ་318གྲོང་ཚོ་དེ་ཚང་མར་ཁྱབ་ཡོད། གྲོང་ཚོ་དེའི་མངའ་ཁོངས་སུ་གྲོང་མི་ཚོགས་ཆུང་6དང་དུད་ཚང་318དང་མི་གྲངས་1434ཡོད། ལྗང་གྲོང་ཚོའི་ཏང་ཀྲི་པུའི་འོག་ཏང་ཚོགས་ཆུང་6བཀོད་སྒྲིག་བྱས་པ་དང་ཏང་ཡོན་103ཡོད་པ་དེས་གྲོང་ཚོ་ཡོངས་ཀྱི་མི་འབོར་གྱི་7.2%བཟུང་ཡོད། ཉེ་བའི་ལོ་ཤས་རིང་། ལྗང་གྲོང་ཚོའི་ཏང་ཀྲི་པུས་ལྟེ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་གཏིང་ཟབ་ཏུ་བཏང་བ་དང“འཕེལ་རྒྱས་ལ་ཞབས་ཞུ་དང་། མང་ཚོགས་ལ་ཞབས་ཞུ། གཞི་རིམ་ལ་ཞབས་ཞུ་བཅས་བྱ་རྒྱུ”དེ་ཀྲི་པུའི་འགྱུར་མེད་ཀྱི་དད་སེམས་སུ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་གྱིས་གདོང་ལེན་ནུས་པ་འདོན་སྤེལ་བྱེད་པ་དང་མང་ཚོགས་སྣེ་ཁྲིད་དེ་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་དང་སྐུལ་མ་གཏོང་བའི་ཐད་སྤོབས་སེམས་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པར“བོད་རང་སྐྱོང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་དཔེ་སྟོན་གྲོང་ཚོ”དང་། “བོད་རང་སྐྱོང་ལྗོངས་ཀྱི‘ཤེས་དཔལ་གྲོང་ཚོ’” ལྷ་ས་གྲོང་ཁྱེར་གྱི“དུས་བདེའི་སྡེ་ཁུལ(གྲོང་ཚོ་ཨུ་ལྷན)” “བོད་རང་སྐྱོང་ལྗོངས་ཀྱི‘སྣོད་བཅུད་ཤེས་དཔལ་གྲོང་ཚོ’”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།

    ལྗང་གྲོང་ཚོའི་ཏང་ཀྲི་པུས་དཔལ་འབྱོར་ཐོན་ལས་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ“ཀྲི་པུའུ་དང་། མཉམ་ལས་ཁང་། ཏང་ཡོན། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་འཕེལ་རྒྱས་གཏོང་བའི་དཔེ་དབྱིབས་ཀྱི་ཐོག་ནས་སྤྱི་གནོད་མེད་པའི་ཀྭ་རིགས་དང་སྔོ་ཚལ་འདེབས་འཛུགས་བྱས་པ་རེད།

    ཀྲི་པུའུ་དེས་སྣེ་ཁྲིད་དེ“ཤིན་སའེ་སྔོ་ཚལ་དང་ཀྭ་རིགས་འདེབས་འཛུགས་ཞིང་པའི་མཉམ་ལས་ཁང”བཙུགས་ཤིང་། བཙུགས་མ་ཐག་པའི་སྐབས་མཉམ་ལས་ཁང་དུ་ཞིང་འབྲོག་པའི་ཏང་ཡོན་3ཡོད་པས་མཉམ་ལས་ཁང་དུ“ཤིན་སའེ་སྔོ་ཚལ་དང་ཀྭ་རིགས་འདེབས་འཛུགས་ཞིང་པའི་མཉམ་ལས་ཁང་གི་ཏང་ཀྲི་པུའུ”བཙུགས་པ་དང་འབྲེལ། “ཀྲི་པུའུ་ཆེན་མོས་སྣེ་ཁྲིད་བྱེད་པ་དང་། ཀྲི་པུའུ་ཆུང་བས་དཔེ་སྟོན་པ། མང་ཚོགས་ཀྱིས་རྒྱ་ཁྱབ་ངང་ཞུགས་པ་བཅས”ཀྱི་བྱ་ཐབས་ཐོག་ནས་ཤང་ཏང་ཨུད་དང་ལྗང་གྲོང་ཚོའི་ཏང་ཀྲི་པུས་དུས་འགོའི་མཁྲེགས་ཆས་སྒྲིག་བཀོད་དང་། ཤེས་ལྡན་མི་སྣ་ནང་འདྲེན། ལག་རྩལ་གསོ་སྦྱོང་། ཕྱིར་ཚོང་ཐབས་ལམ་བཅས་ཀྱི་འགན་འཁུར་བ་དང་མཉམ་ལས་ཁང་གི་ཀྲི་པུའུ་ཏང་ཡོན་གྱིས་ལག་རྩལ་སློབ་སྦྱོང་དང་། ས་གནས་ས་ཐོག་ཏུ་འདེབས་འཛུགས། གཉེར་སྐྱོང་དྲིལ་བསྒྲགས་བཅས་ཐད་སྔོན་སྣེ་ཁྲིད་དེ་དཔེ་སྟོན་ཚོད་ལྟ་བྱེད་པ་དང་། དེ་རྗེས་གྲོང་ཚོའི་ནང་གི་མང་ཚོགས་དེ་བས་མང་བ་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཡོད། མིག་སྔར་གླིང་ཁུལ་ནང་ལོ་རེར་ཆ་སྙོམས་ཤིས་ཀྭ་སྟར་པ་60དང། སྔོ་ཚལ་སྟར་པ་541འདེབས་འཛུགས་བྱེད་པ་དེའི་ནང་ཤིས་ཀྭ་ཐོན་འབབ་བསྡོམས་འབོར་རྒྱ་མ་5600ཟིན་པ་དང་ཤིས་ཀྭ་ཡི་ཡོང་འབབ་བསྡོམས་སྒོར་ཁྲི་123.2ཟིན་ནས“སའེ་ཤིན་ལག་རྟགས་ཤིས་ཀྭ”ཡང་ཆུ་ཤུར་རྫོང་དང་། ཐ་ན་ལྷ་ས་གྲོང་ཁྱེར་གྱི་སྤུས་རྟགས་ཐོན་ལས་སུ་འགྱུར་བཞིན་ཡོད། མཉམ་ལས་ཁང་གིས་སྔར་ཡོད་ཀྱི་དྲོད་ཁང་སྟར་པ་80ཡོད་པ་ནས་ད་ལྟའི་སྟར་པ་601བར་རྒྱ་ཆེར་བཏང་བ་དང་དེ་སྔའི་ཁོངས་མི་30ནས་ད་ལྟའི་ཁོངས་མི་95བར་མང་དུ་བཏང་ཐོག་ཆ་སྙོམས་ཁོངས་མི་རེར་ལོ་རེར་འབབ་འཕར་སྒོར་ཁྲི་2.5ཟིན་གྱི་ཡོད། དེ་དག་ཚང་མ་ལྗང་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་ནུས་པ་དང་ལྗང་གྲོང་ཚོའི་ཏང་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་དང་ཁ་བྲལ་ཐབས་མེད། ཀྲི་པུས་ཐབས་ལམ་ཡང་དག་སྤྱོད་པ་དང་ཏང་ཡོན་གྱིས་བསམ་བློ་ཡག་པོ་བཏང་ཚེ་གཞི་ནས་མང་ཚོགས་ལ་ཡོང་འབབ་གཏོད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།