དབུ་ཤོག>གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་བྱ་ཐབས་དངོས་བཏོན་ནས་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-27

    གསར་འགོད་པས་ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཆབ་མདོས་ལས་ཀའི་ཕན་འབྲས་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐད་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་དང་བྱ་ཐབས་དངོས་བཏོན་པ་རེད།

    མཉམ་འཛིན་མཉམ་སྡོམ་གྱིས་བརྟན་འཕར་ཡོང་བ་བྱས་ཤིང་། “དུད་སྦྲེལ་དུས་བདེ་དང་དུད་སྦྲེལ་འབབ་འཕར”གྱི་སྤྱིའི་བླང་བྱར་དམིགས་ཏེ་དུད་སྦྲེལ་ཚན་པ་ཁག་ནང་གི་རང་འགུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུད་སྦྲེལ་ཁོངས་མིའི་དབར་གྱི་མཉམ་འགུལ་ལམ་སྲོལ་སྤྱད་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐད་བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བཏོད་པ་རེད།

    མཉམ་སྐྲུན་མཉམ་གཏོད་ཀྱིས་འབབ་འཕར་ལ་ཕན་པ་འདོགས་ཤིང་། ཐོན་ལས་རྣམ་གྲངས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དང་སྣེ་འདྲེན་ཁེ་ལས་ལ་འདེགས་སྐྱོར་བྱེད་པ། ས་གནས་དེ་གའི་བོད་བྱ་དང་། བོད་ཕག བྲ་བོ། ནས་དཀར། རྒུན་འབྲུམ་སོགས་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱས་ནས་མང་ཚོགས་རྒྱུན་མཐུད་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་འགན་ལེན་བྱས་པ་རེད།

    དུད་སྦྲེལ་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱིས་འབབ་འཕར་ལ་གཞོགས་འདེགས་བྱས་ཤིང་། “གྲངས་ཉུང་ཡིད་རྟོན་དངུལ་བུན”བརྒྱུད་དེ་རྣམ་གྲངས་ཆུང་གྲས་ཀྱི་མི་རྒྱུ་དངོས་གསུམ་གསོག་པ་བྱས་ནས་དུད་སྦྲེལ་དབར་གཅིག་གྱུར་གཉེར་སྐྱོང་གི་རྣམ་གྲངས་ཐད“འགན་འཁྲི་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད”ཀྱི་འགན་འཁྲིའི་ཚོགས་སྡེ་ཞིག་ཆགས་པ་བྱས་ཏེ་ཉེན་ཁ་ཉུང་དུ་གཏོང་བ། དུད་སྦྲེལ་མང་ཚོགས་ཀྱི་སེམས་ཁྲལ་ཆུང་དུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་པ་རེད།

    མཉམ་གཏོད་མཉམ་སྤྱོད་ཀྱིས་འབབ་འཕར་རྒྱ་ཆེར་བཏང་ཞིང་། འགན་འཁྲི་དང་དམིགས་ཚད་གཏན་འཁེལ་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་ཟབ་མོ་བཏོད་དེ་དུད་སྦྲེལ་ཚན་པ་ཁག་དབར་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    མཉམ་རོགས་མཉམ་སྐྱོར་གྱིས་འབབ་འཕར་ལ་སྐུལ་འདེད་བཏང་ཞིང་། “དུད་སྦྲེལ་འབབ་འཕར་ཡོང་རྒྱུ”དེ“གཉིས་ལྡན་དུད་སྦྲེལ”གྱི་ནང་དོན་གཙོ་བོར་བརྩིས་ནས་ཕྱུག་འགྱུར་ཐབས་ལམ་འཚོལ་བ་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་སྲིད་ཀྱིས་གཙོ་ཁྲིད་དང་། དུད་སྦྲེལ་ཞུགས་པ། ཐུན་མོང་ཕྱུག་འགྱུར་བཅས་ཀྱི་རྣམ་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།