དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་བསྡུའི་ལས་དོན་ཚགས་ཚུད་ཡོང་བར་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-25

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཤར་ཚུན་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ལོ་སྟོད་དུ་སྔ་ཙམ་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱེད་པའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཞིབ་བཤེར་གྱི་རྒྱུན་གཏན་ལས་དོན་ཁག་ཏན་ཏིག་ངང་སྤེལ་ནས་གྱོད་གཞི་ཞིབ་བཤེར་དང་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་གོང་མཐོར་ཟམ་མི་ཆད་པར་བཏང་བ་རེད། ཟླ་2པའི་ཟླ་མཇུག་བར་ཁྲལ་བསྡུའི་ཡོང་འབབ་བསྡོམས་སྒོར་ཁྲི་738.49ཞིབ་བཤེར་ཁ་གསབ་ཀྱིས་མཛོད་བཅུག་བྱས་པ་དེ་དུས་མཚུངས་ལས་125.53%མང་དུ་ཕྱིན་ནས་སྒོར་ཁྲི་411.04འཕར་ཡོད་པ་རེད།

    ཁྲལ་བསྡུ་ཞིབ་བཤེར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་ལྷ་ས་གྲོང་ཁྱེར་གྱི་ཁྲལ་ཁུངས་ཆེ་གྲས(ལོར་ཁྲལ་འཇལ་བསྡོམས་འབོར་སྒོར་ཁྲི་50ཡན་འཇལ་བའི་ཁར་ཚབ་འཐེན་ཚབ་སྤྲོད་ཀྱི་ཁྲལ་དངུལ་ཚུད་མེད་པ)ཀྱི་ཁྲལ་བསྡུའི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་ཅུས་དེའི་ཁྲལ་བསྡུའི་ཚན་པ་ཁག་གིས་ཁྲལ་ཁུངས་ཆེ་གྲས་ཀྱི་སྐོར་ཞིབ་ལམ་ལུགས་ཀྱི་འབྲེལ་ཡོད་བླང་བྱར་ནན་ཏན་ངང་གཞིགས་ཏེ་ཁྲལ་ཁུངས་ཆེ་གྲས་ཀྱི་སྐོར་ཞིབ་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཡོད། ན་ནིང་ཟླ་བརྒྱད་པ་ནས་འདི་ལོའི་ཟླ་གཉིས་པའི་བར་ཁྱོན་ཁྲལ་ཁུངས་ཆེ་གྲས་ཁག་234ལ་ཞིབ་བཤེར་བྱས་པ་དང་ཁྲལ་དངུལ་སྒོར་ཁྲི་8193.88ཞིབ་བཤེར་ཁ་གསབ་བྱས་པ་དང་དངུལ་ཆད་སྒོར་ཁྲི་29.61བཅད་ནས་ཁྲལ་ཁུངས་ཆེ་གྲས་བསྡོམས་འབོར་གྱི་64%ལེགས་གྲུབ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།