ཉེ་ཆར་གསར་འགོད་པར་ལྷོ་ཁ་ས་ཁུལ་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ས་ཁུལ་དེ་ཡོངས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་16.8བྱུང་བ་དེ་དུས་མཚུངས་ལས་14%འཕར་བ་དང་། “ལས་གཉེར་དཔྱ་ཁྲལ་ནས་རིན་ཐང་འཕར་མའི་ཁྲལ་དུ་གྱུར་བའི”ཚོད་ལྟའི་ཁྲལ་འཇལ་དུད་ཚང་283ཟིན་པ་དང་ཁྲལ་འཇལ་མཁན་གྱི་ཁྲལ་འཁྲི་སྒོར་ཁྲི་4447ཉུང་དུ་ཕྱིན་པ། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱས་པས་ལོ་ཧྲིལ་པོར་ཁྲལ་འབབ་སྒོར་ཁྲི་4351ཉུང་དུ་དང་རྩ་ཆག་བཏང་བས་ལྷོ་ཁ་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཆེད་ནོར་ཤུགས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་བྱས་པ་རེད།