དབུ་ཤོག>གསར་འགྱུར།
  • གྲོས་མོལ་དམངས་གཙོའི་ལེགས་ཆ་གསར་པ་འདོན་སྤེལ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-15

    སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མཉམ་དུ་བཏོད། ཟླ་3ཚེས་13ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་དུས་བཀག་ལྟར་གྲོས་རིམ་ཁག་ལེགས་གྲུབ་ཟིན་ཏེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་རྒྱལ་ཁའི་ངང་གྲོལ་ཞིང་། ང་ཚོས་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པར་སྤྲོ་སེམས་འཁོལ་བའི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    ཚོགས་འདུའི་སྤྱོད་ཚུལ་བབ་ཆགས་དང་། རྣམ་པ་བརྗིད་ཉམས། གྲོས་བསྡུར་འཁྲུག་པོ་བཅས་ཡོད། ཚོགས་དུས་ཉིན་བཅུ་དང་ཕྱེད་ཀའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ཚོགས་འདུར་ཞུགས་མཁན་གཏོགས་ཁོངས་ཁག་གི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་འགོ་གསན་ཡོད། ཨུ་ཡོན་ཚོས་སྙིང་རུས་ཆེན་པོའི་འགན་འཁུར་གྱི་ཐོག་ནས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་པ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་མིན་གྱི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་གནང་བ་དང་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལའང་གྲོས་བསྡུར་གནང་ཡོད། ཨུ་ཡོན་ཚོའི་འདྲ་མཉམ་ཐོག་ནས་གནད་དོན་ལ་གྲོས་ཞིབ་གཏིང་ཟབ་དང་། ལྷག་བསམ་ཟོལ་མེད་ངང་བསམ་འཆར་འདོན་པ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་ཡོད།

    དམངས་གཙོ་ཡོད་ན་གཞི་ནས་གཏམ་ལམ་ཡངས་པོར་འབྱེད་ཐུབ་པ་དང་། གྲོས་མོལ་བྱས་ཚེ་དམངས་ཀྱི་བློ་གྲོས་གཅིག་ཏུ་འདུས་ཐུབ། ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་རྒྱུ་དང་རུལ་རྒོལ་གཙང་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱ་རྒྱུ་དང་རིག་རྩལ་གྲ་རྒྱས་དང་འཕེལ་རྒྱས་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་བཅས་ཀྱི་ཐད་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་འགན་སྒྲུབ་དམངས་ཆེད་མཐའ་འཁྱོངས་དང་། འགལ་ཟླར་མི་གཡོལ་བ། གནད་དོན་མི་འགེབས་པ། དངོས་ཐོག་བདེན་འཚོལ། དྲང་གཏམ་ཤོད་ཕོད་པ་བཅས་གནང་ནས་བློ་གྲོས་དང་རྔུལ་ཆུ་ལས་འདུས་པའི་གྲོས་གཞི་རེ་རེ་དང་སྒོ་འབྱེད་དང་དངོས་གཉེར་གྱི་གྲོས་བསྡུར་རེ་རེའི་ཐོག་ནས་ཆེས་ཆེ་བའི་སྤྱིའི་བགོ་གྲངས་དོན་གཉེར་ཧུར་ཐག་གིས་སྒྱུར་བཅོས་ཀྱི་དྲང་ནུས་གཅིག་ཏུ་བསྒྲིལ་ཏེ་དམངས་གཙོ་དང་། མཐུན་སྒྲིལ། དོན་གཉེར། འབད་འཐབ་བཅས་ཀྱི་བརྗོད་དོན་གཙོ་བོའི་ཚིག་སླར་ཡང་མི་དམངས་སྲིད་གྲོས་ཀྱི་འོད་སྟོང་འཕྲོ་བའི་དར་ཆའི་ཐོག་བྲིས་ཡོད།

    2015ལོ་ནི་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འགོ་ཚུགས་ཀྱི་ལོ། “ལོ་ལྔ་ཚན་བཅུ་གཉིས”པའི་འཆར་འགོད་སྒོ་ཀུན་ནས་ལེགས་འགྲུབ་བྱ་རྒྱུའི་མཇུག་བསྡུའི་ལོ་བཅས་ཡིན། “སྒོ་ཀུན་ནས་བཞིར”མཉམ་དུ་སྐུལ་འདེད་གཏོང་བར་མི་དམངས་སྲིད་གྲོས་ལ་གྲུབ་འབྲས་ཐོབ་ཀྱང་དེ་བས་འབད་བརྩོན་བྱེད་པའི་བློ་སྟོབས་ཀྱི་ཐོག་ནས་གྲོས་མོལ་དམངས་གཙོའི་ཐད་ཤུགས་རྒྱག་གཞི་གསར་པ་དང་། དམངས་གཙོའི་ལྟ་སྐུལ་ཐད་བྱེད་ཐབས་གསར་པ། ལམ་ལུགས་འཛུགས་སྐྱོང་ཐད་འཕེལ་རྒྱས་གསར་པ། མཐུན་སྒྲིལ་ཟབ་གཏོང་ཐད་བྱེད་ཐབས་གསར་པ། འགན་ནུས་སྒྲུབ་པའི་ཐད་མཐོ་ཚད་གསར་པ་བཅས་ཡོད་པ་བྱེད་དགོས། དམངས་གཙོའི་གྲོས་མོལ་གྱི་ལེགས་ཆ་གསར་པ་འདོན་སྤེལ་བྱས་ཏེ“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་སར་གཞི་ཚུགས་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུར་ཐབས་དང་ཇུས་འདོན་རྒྱུར་དམ་པོར་དམིགས་པ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཇུས་ཤུགས་འདོན་རྒྱུར་དམིགས་པ། དམངས་གཙོའི་ལྟ་སྐུལ་འགན་ནུས་ལ་ཤུགས་སྣོན། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་མང་གི་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། མི་དམངས་སྲིད་གྲོས་ཀྱིས་གཞི་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་དེ་བས་ལེགས་པའི་སྒོ་ནས་རོགས་རམ་བྱེད་ཐུབ་པ་མ་ཟད། ཞུམ་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ངེས་ཡིན།

    མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཡིན། དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། བརྒྱུད་རིམ་ཅན་བཅས་སུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ནི་ཏང་ཤོག་ཁག་གི་ཚོགས་པ་དང་མི་རིགས་དང་ལས་རིགས་ཁག་གི་མི་སྣས་དམངས་གཙོ་དར་སྤེལ་གཏོང་བ་དང་། རྒྱལ་ཇུས་ནང་ཞུགས་པ། མཐུན་སྒྲིལ་མཉམ་ལས་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན། གྲོས་མོལ་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་རྣམ་པ་གཏོད་པ་བཅས་བྱ་རྒྱུ་དེ་སྔར་བས་བློ་བསྡུས་དགེ་འཚོལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ཚན་རིག་དང་མཐུན་པའི་ཐབས་ཇུས་བཅས་ལ་ཕན་པ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་མཐུན་སྒྲིལ་མཉམ་ལས་སྲ་བརྟན་དུ་གཏོང་བའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞིའི་གཞི་རྟེན་ཞིག་ཡིན་པས་དམངས་གཙོའི་ལྟ་སྐུལ་གྱི་ལས་དོན་ཧུར་ཐག་སྤེལ་ཏེ་དྲང་གཏམ་ཤོད་ཕོད་པ་དང་། དུས་ཐོག་ཏུ་གནས་ཚུལ་ངོ་མ་གོང་ལ་ཞུ་བ། བསམ་ཆར་དང་སྐྱོན་བརྗོད་བྱེད་ཕོད་པ། མི་འདང་ས་དང་གནད་དོན་འཚོལ་རོགས་བཅས་བྱས་ཚེ། ང་ཚོས“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་མཉམ་ཤུགས་ཤིག་འདོན་ཐུབ་རྒྱུ་མ་ཟད། སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཞིག་བཏོད་དེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་ཐུབ།

    ལོ་ངོ་60ལྷག་ཙམ་གྱི་དམངས་གཙོའི་གྲོས་མོལ་དང་སྲིད་ཞུགས་སྲིད་གླེང་གིས་ལོ་རྒྱུས་ལ་གཟི་བརྗིད་བསྣན་པ་མ་ཟད། ལས་འགན་གྱི་དཀའ་ཚེགས་དེ་བས་མངོན་ཡོད། “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་འཐབ་ཇུས་ཁ་ཕྱོགས་དང་། གཙོ་གནད་ཁྱབ་ཁོངས། གཙོ་རྒོལ་དམིགས་ཚད་བཅས་གཏན་འཁེལ་བྱས་ཡོད། འཐབ་ཇུས་བཀོད་སྒྲིག་དེར་དམ་པོར་དམིགས་ནས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོར་སྐུལ་འདེད་དང་སྲིད་ཞུགས་སྲིད་གླེང་གི་ལམ་སྲོལ་འཐུས་ཚང་དུ་བཏང་ཚེ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།