2014ལོར་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་པེ་ཅིང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་ཤུགས་ཆེན་འོག་ཁྲེང་ཀོན་ཆུས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་བསྟར་ཏེ་ཁྲེང་ཀོན་ཆུས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་གསར་འབྱེད་གསར་གཏོད་དང་། དཀའ་གནད་འགག་སྒྲོལ། དངོས་འཛིན་དངོས་སྒྲུབ་བཅས་བྱས་པས་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བ་དང་། དམངས་འཚོ་རྒྱུན་བསྲིང་ངང་ལེགས་སུ་འགྲོ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ཚོད་རྩིས་བྱས་ན། 2014ལོར་ཁྲེང་ཀོན་ཆུས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང(G D P )སྒོར་དུང་ཕྱུར་79.6ཟིན་པ་དེ་དུས་མཚུངས་ལས་20%འཕར་བ་དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་12.3%དང་། 20.5% 21.7%བཅས་སོ་སོར་འཕར་ནས་ཆུས་ཁོངས་གཏོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་72.66བཏང་བ་དེ་དུས་མཚུངས་ལས33%འཕར་བ། རིམ་པ་འདི་གའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་8.33ཟིན་པ་དེ་དུས་མཚུངས་ལས་30.6%འཕར་བ་རེད།