དབུ་ཤོག>གསར་འགྱུར།
  • ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་ནས་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཧྲན་གྱིས།   |     སྤེལ་དུས།  2015-03-13

    རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁྲོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གྲོང་ཚོ་དང་དུད་ཚང་དང་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཞིང་། ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་པ་དང་སྟབས་བདེ་མང་པོ་མཁོ་འདོན་བྱས་མོད། ད་དུང་ཕྱི་ཚུལ་ཙམ་དང་། བཟོ་ལྟ་ཙམ་གྱི་ལས་འགན་སྒྲུབ་པའི་གནས་ཚུལ་འགའ་གནས་ཡོད། གནད་དོན་དེ་དག་ལ་དམིགས་ཏེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་གཤམ་སྐྱོད་གསུམ་དང་། ཕོད་པ་གསུམ། སྣང་ཆེན་གསུམ་བཅས་ཐུབ་པ་བྱེད་དགོས།

    གཤམ་སྐྱོད་གསུམ་ནི་ལྷག་བསམ་ཟོལ་མེད་ཀྱིས་བརྩེ་དུང་ཟབ་མོ་བཅངས་ནས་གཤམ་སྐྱོད་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་སེམས་པ་མང་ཚོགས་ལ་བཅངས་པ་དང་། བློ་གཅིག་སེམས་གཅིག་གིས་དམངས་ཆེད་འཕེལ་རྒྱས་དོན་གཉེར་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ་གཞི་ནས་མི་དམངས་ཀྱི་བརྩི་བཀུར་དང་དགའ་ཞེན་ཐོབ་སྲིད། གནད་དོན་དང་བྱེད་ཐབས་འཁྱེར་ནས་དམིགས་སའི་ངང་གཤམ་སྐྱོད་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པས་གྲོང་ཚོར(ཡུལ་ལྷན)གནས་པའི་གནད་དོན་གཙོ་བོ་ཤེས་རྟོགས་ཞིབ་ཕྲ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་བྱེད་ཐབས་བཙལ་འཚོལ་བྱེད་པ་མ་ཟད། རྒྱུ་མཚན་གསལ་རྟོགས་དང་མ་བྱུང་སྔོན་འགོག་བྱེད་དགོས། མི་ཉུང་སྟབས་བསྡུས་ཀྱིས་གཤམ་སྐྱོད་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”ལག་ལེན་ཧུར་ཐག་བསྟར་ནས་གྲོང་ཚོར(ཡུལ་ལྷན)ཁུར་པོ་མི་བཟོ་བར“རྒྱུན་དུ་གཞི་རིམ་ལ་སྐྱོད་པ་དང་དཀའ་སྡུག་ལ་མི་འཛེམས་པའི”བསམ་བློ་བཅངས་པ་དང་རྒན་རབས་ཚོའི་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་སློབ་སྦྱོང་བྱེད་དགོས།

    ཕོད་པ་གསུམ་ནི་ མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཁག་གཅིག་ཐག་གཅོད་ཏན་ཏིག་བྱེད་ཆེད་བྱས་རྗེས་འཇོག་ཕོད་པ་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པས་གྲོང་ཚོར(ཡུལ་ལྷན)དཀའ་སེལ་འགག་སྒྲོལ་བྱེད་རོགས་བྱེད་པ་དང་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཁག་གཅིག་ཐག་གཅོད་བྱས་ནས་ཁྱེད་ཀྱི་གྲུབ་འབྲས་དངོས་དེ་མང་ཚོགས་ཀྱིས་བསྔགས་བརྗོད་བྱེད་ས་ཞིག་ཏུ་གྱུར་བ་བྱེད་དགོས། འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་ཆེད་བྱས་རྗེས་འཇོག་ཕོད་པ་བྱེད་དགོས་ཤིང་། ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་འགལ་བ་དང་རྩོད་གཞི་འཕྲད་ཚེ། ཞུམ་མེད་ཀྱིས་མདུན་སྐྱོད་བྱས་ནས་འགལ་བ་དང་རྩོད་གཞིར་དམིགས་ཏེ་ཐག་གཅོད་ཀྱི་ཐབས་མཆོག་ཅིག་བཙལ་འཚོལ་བྱེད་པ་དང་བྱས་རྗེས་འཇོག་པ་མ་ཟད་བྱས་རྗེས་འཇོག་ཕོད་པའང་བྱེད་དགོས། གྲོང་གསེབ་དང་འབྲོག་ཁུལ་དུ་འཇོན་ཐང་ཅན་ཁག་གཅིག་དང་གྲོགས་པོ་འགྲིག་ཕོད་པ་བྱེད་དགོས་ཤིང་། རང་འགུལ་ངང་ས་གནས་དེ་གའི་གྲོང་ཚོའི(ཡུལ་ལྷན)“འཇོན་ཐང་ཅན་དང་། སྒྱུ་རྩལ་པ། བློ་གྲོས་ཅན”བཅས་དང་གྲོགས་པོ་འགྲིག་པ་དང་བརྩེ་དུང་ཟབ་མོ་བཅངས་ནས་སྦྲེལ་མཐུད་དང་གླེང་མོལ་བྱེད་རིང་ཏང་གི་གསུང་སྒྲ་ཁྱབ་སྤེལ་གཏོང་བ་དང་ཁོང་ཚོའི“བཀྲག་མདངས་འཚེར་ས”སློབ་སྦྱོང་བྱས་ཏེ། ཁོང་ཚོ་ནི་དྲང་ནུས་བརྒྱུད་སྤེལ་བྱེད་མཁན་གྱི་སྣེ་ཁྲིད་དམག་ཏུ་འགྱུར་བ་བྱེད་དགོས།

    སྣང་ཆེན་གསུམ་ནི་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་ཐུབ་པར་སྣང་ཆེན་བྱེད་དགོས་ཤིང་། ལས་བྱེད་པའི་ཆེད་ལས་ཀྱི་ལེགས་ཆ་དང་ཚན་པའི་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་དང་འཚམ་པའི་རྣམ་གྲངས་ནང་འདྲེན་བྱེད་པ་དང་རྣམ་གྲངས་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་གྲོང་ཚོའི(ཡུལ་ལྷན)དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། སྤྱི་འདོམས་འཆར་འགོད་དང་གཅིག་ལྕོག་ལྟ་རྟོག་ལ་སྣང་ཆེན་བྱེད་དགོས་ཤིང་། གྲོང་ཚོ་དང་དུད་ཚང་དུ་སྐྱོད་མཁན་ལས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཚན་རིག་དང་མཐུན་པའི་ངང་སྣེ་ཁྲིད་བྱས་ནས“ཕན་ཚུན་མཐུད་སྦྱོར་གྱིས་དོན་ཆེན་སྒྲུབ་པའི”རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། ལས་ཀའི་ཕན་འབྲས་དངོས་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆར་སྣང་ཆེན་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས“ལྕགས་ལ་ཤུལ་ཐོན་པ་དང་རྡོ་ལ་རྗེས་འཇོག་པའི”ཕན་འབྲས་དངོས་ཐོན་པ་བྱས་ནས་དོན་དངོས་དང་མཐུན་པའི་ཕུགས་ཕན་ལམ་སྲོལ་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ་དང་མང་ཚོགས་ཀྱི་དཔྱད་མོལ་དང་ལྟ་སྐུལ་དང་ལེན་བྱེད་ཕོད་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།