དབུ་ཤོག>གསར་འགྱུར།
  • གྲོང་འདབས་དཔལ་འབྱོར་ལ་མདུན་ལམ་ཆེན་པོ་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལིའུ་ཆན་རུའུ།   |     སྤེལ་དུས།  2015-03-11

    གྲོང་ཁྱེར་འཕེལ་རྒྱས་ཕྱིན་པ་དེས་མཐའ་འཁོར་གྲོང་གསེབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ནས་གྲོང་འདབས་ཀྱི་དཔལ་འབྱོར་ཞིག་ཆགས་ཡོད། གྲོང་འདབས་དཔལ་འབྱོར་ནི་གྲོང་ཁྱེར་ལ་བརྟེན་པ་དང་གྲོང་ཁྱེར་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་པའི་དཔལ་འབྱོར་ཞིག་ཡིན་པ་དང་དེར་ཡངས་པའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ཁྲོམ་རའི་མདུན་ལམ་ལྡན་ཡོད།

    ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་གིས་གྲོང་ཁྱེར་གྱི་ལེགས་ཆར་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ“སྒོ་མོ་ཕྱེ་ནས་ཤང་འཁྲུག་ཏུ་གཏོང་བ་དང་། ཚན་སློབ་ལ་བརྟེན་ནས་ཤང་དར་རྒྱས་གཏོང་བ། ཁྲིམས་ལ་བརྟེན་ནས་ཤང་བཅོས་སྒྲིག གྲོང་ཁྱེར་ལ་ཞབས་འདེགས་ཞུ་བ། ཞིང་བརྟན་བཟོ་ཚོང་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ནས་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་དང་ཞིང་པ་སྣེ་ཁྲིད་ཀྱིས་ད་ཡོད་ཀྱི་ས་ཞིང་གང་ལེགས་སྤྱད་དེ་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་བར་བརྟེན་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐོག་གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།

    གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཁྲོམ་རས་ཕྱོགས་སྟོན་དུ་བྱས་ཏེ་ཁྱད་ལྡན་ཐོན་ཟོག་གི་རྟེན་གཞི་བསྐྲུན་མགྱོགས་སུ་གཏོང་དགོས། གྲོང་འདབས་ཀྱི་ས་ཁམས་ལེགས་ཆ་གང་ལེགས་སྤྱད་དེ་ཁྲོམ་རས་ཁྲིད་སྟོན་དུ་བྱས་ནས་སྔོ་ཚལ་དང་། ཤིང་འབྲས། མེ་ཏོག ཁྱིམ་བྱ་སོགས་གཙོ་ཁྲིད་ཐོན་ལས་གཙོ་གནད་ཐོག་སྐྱེད་སྲིང་བྱེད་དགོས།

    གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཙོ་ཁྲིད་ཐོན་ལས་ལ་དམིགས་ཏེ་ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་འཆར་འགོད་དང་ཁྲིད་སྟོན་མགྱོགས་སུ་གཏོང་དགོས། ཁྲོམ་རའི་གསར་འབྱེད་ནུས་པ་ཆེ་བ་དང་ཞིང་པ་སྣེ་ཁྲིད་ཀྱིས་ཚོང་ཟོག་ཐོན་སྐྱེད་འཕེལ་རྒྱས་གཏོང་མཁན་གྱི་སྣེ་འདྲེན་ཁེ་ལས་སམ་ཡང་ན་རྩ་འཛུགས་སྐྱེད་སྲིང་ཧུར་ཐག་བྱེད་དགོས། བཟའ་བཅའ་ལས་སྣོན་དང་། ཞིང་ཞོར་ཐོན་ཟོག་སྐྱེལ་ཚོང་། སྔོ་ཚལ་ལས་སྣོན། སྡེབ་ཚོང་ཁྲོམ་རའི་སྐྱེལ་ཚོང་རྩ་འཛུགས་འཛུགས་སྐྲུན་སོགས་རྣམ་གྲངས་གཙོ་གནད་ཐོག་བསྐྲུན་ཏེ་ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་ལས་ཁེ་ལས་མཁས་ཅན་ཁག་གཅིག་གསོ་སྐྱོང་བྱས་ནས་ཐོན་སྐྱེད་དང་། ལས་སྣོན། ཚོང་བཅས་གཞི་གཅིག་དང་ཞིང་བཟོ་ཚོང་བཅས་གཞི་གཅིག་གྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆགས་པ་བྱེད་དགོས།

    གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ་ཁྱད་ལྡན་ཐོན་ཟོག་དང་ཀ་རྟེན་ལྟ་བུའི་ཐོན་ལས་གཙོ་གནད་ཐོག་སྐྱེད་སྲིང་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཐད་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་སྣེ་འདྲེན་དམ་འཛིན་དང་། མ་ལག་འཐུས་ཚང་། སྤུས་རྟགས་གཏོད་པ། རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ནས་གཙོ་ཁྲིད་ཐོན་ལས་ཀྱི་གནས་བབ་བརྟན་དུ་གཏོང་དགོས། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་དམིགས་ནས་ཞིང་ཞོར་ཐོན་ཟོག་ལས་སྣོན་འཕེལ་རྒྱས་གཏོང་བ་དང་། ཞིང་ཞོར་ཐོན་ཟོག་ལས་སྣོན་སྒྱུར་ཤུགས་ཆེ་རུ་གཏོང་བ། གྲོང་འདབས་ཀྱི་ས་ཁམས་ལེགས་ཆ་གང་ལེགས་སྤྱོད་པ། ལྷན་སྦྱར་ལས་སྣོན་ལས་རིགས་ཁག་གཅིག་འཕེལ་རྒྱས་གཏོང་བ། མཉམ་བསྲེས་དཔལ་འབྱོར་དངོས་ཚན་ཁག་གཅིག་བསྐྱར་བསྐྲུན་བཅས་བྱས་ཏེ་ཐོན་ཁུངས་གསར་སྤེལ་གྱི་གཏིང་ཚད་དང་ཐོན་ཟོག་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས།

    གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་ཐོན་སྐྱེད་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་རྗེས་ཀྱི་ཞབས་ཞུ་བཅས་ལ་དམིགས་ནས་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་དང་། ཆ་འཕྲིན་ཇུས་འདྲི། མཛོད་མཇུག་སྐྱེལ་ཚོང་ཐོན་ལས་བཅས་འཕེལ་རྒྱས་གཏོང་དགོས། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་མུ་མཐུད་འཕེལ་རྒྱས་བཏང་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་ནང་གི་མཛེས་ལྗོངས་དང་དེ་མིན་མཛེས་ལྗོངས་ཐོན་ཁུངས་སྤྱད་དེ་བྱེད་ཐབས་སྣ་ཚོགས་ཀྱི་ཞིང་པའི་སྤྲོ་སྐྱིད་ཁང་དང་། ལྟ་སྐོར་ཞིང་ལས། སོལ་དལ་ཞིང་ལས་བཅས་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དང་གླིང་ཁུལ་ཁག་གཅིག་བསྐྲུན་དགོས། གྲོང་འདབས་ཀྱི་ཁུལ་གནས་དང་། འགྲིམ་འགྲུལ། ཁྲོམ་ར། མ་དངུལ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དགེ་སྤེལ་སྐྱོན་སྤོང་དང་གཙོ་གནད་མངོན་གསལ་དོད་པའི་ཁྱད་ལྡན་དཔལ་འབྱོར་ཆགས་པ་བྱས་ནས་དཔལ་འབྱོར་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།