དབུ་ཤོག>གསར་འགྱུར།
  • ཐོན་ལས་སྣོད་བཅུད་གླིང་བསྐྲུན་ནས་དམངས་ཕྱུག་དང་རྫོང་སྟོབས་ཆེར་གཏོང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-06

    རི་བོ་ཆེ་ལ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་གཏེར་ཐོན་ཐོན་ཁུངས་ལྡན་ཡོད། ཇི་ལྟར་བྱས་ཏེ་རི་བོ་ཆེའི་མང་ཚོགས་ཁྲི་5ལྷག་ཙམ་སྣེ་འཁྲིད་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ལེའུ་གསར་པ་བརྩམ་དགོས་སམ། རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི་རེན་ཧོའུ་མིང་གིས“དེ་ལས་ང་ཚོའི་ལོ་རེའི་དཔལ་འབྱོར་འཕར་ཚད་དེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ཀྱི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་མཐོ་བ་དགོས་པའི་བླང་བྱ་བཏོན་པ་དང་དེ་ལྟར་བྱུང་ཚེ་གཞི་ནས་གྲོང་ཁྱེར་ཡོངས་དང་། ལྗོངས་ཡོངས། རྒྱལ་ཡོངས་བཅས་དང་མཉམ་དུ་2020ལོར་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཐུབ་རྒྱུ་རེད”ཅེས་བཤད་པ་རེད།

    ཀྲུང་གུང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་འབྱུང་འགྱུར་ལོ་ལྔའི་ནང་ཆབ་མདོ་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་ལོ་རེར་ཆ་སྙོམས་14%ཡན་འཕར་བ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་18%ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་འབྲོག་པའི་ཡོང་འབབ་ཁེ་གཙང་ལོ་རེར་ཆ་སྙོམས་10.5%དང་13.5%ཡན་སོ་སོར་འཕར་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་བཏང་ཐོག་དཔལ་འབྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས་ཞེས་བཏོན་པ་རེད།

    “ཚོགས་ཆེན་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས་ཆབ་མདོ་གྲོང་ཁྱེར་གྱི་སླད་ཕྱིན་གྱི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་སྦྱིན་པ་དང་དུས་མཚུངས་རི་བོ་ཆེའི་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་བཏོད་ཡོད། ང་ཚོས་དུས་བབ་གསར་པ་དང་བསྟུན་པ་དང་། གོ་སྐབས་གསར་པ་དམ་འཛིན། མཆོང་སྐྱོད་གསར་པ་མངོན་འགྱུར་བཅས་བྱེད་དགོས”ཞེས་རེན་ཧོའུ་མིང་གིས་གསར་འགོད་པར་བཤད།

    2014ལོར་རི་བོ་ཆེ་རྫོང་གི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་7.04ཟིན་པ་དེ་དུས་མཚུངས་ལས་22.5%འཕར་བ་དང་། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་3007ཟིན་པ་དེ་དུས་མཚུངས་ལས་23%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7470ཟིན་པ་དེ་དུས་མཚུངས་ལས་16%འཕར་བ་བཅས་དཔལ་འབྱོར་གྱི་སྟོན་གྲངས་ཚང་མ་གྲོང་ཨུད་ཀྱིས་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་ལས་ཆེས་ཆེར་མཐོ་བ་ཡོད་པ་རེད།

    “ང་ཚོས་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་བཏོན་པའི‘བཟོ་ལས་སྟོབས་ཆེར་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་། ཤར་ནུབ་འཕེལ་རྒྱས་གཏོང་བ། རྟེན་གཞི་འཛུགས་སྐྲུན་བྱེད་པ། རྨང་གཞི་གསུམ་བརྟན་དུ་གཏོང་བ་བཅས’ཀྱི་འབྱོར་ཕྱུག་དང་། ཞི་མཐུན། ཤེས་དཔལ་བཅས་ཀྱི་ཆབ་མདོ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་གཞིགས་ཏེ་རི་བོ་ཆེའི་འཕེལ་རྒྱས་བརྟན་ལྷིང་གི་དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཐོན་ལས་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་སྐྱེད་སྲིང་བྱ་རྒྱུའི་ཐད་ཤུགས་རྒྱག་པ། ཐོན་ལས་སྣོད་བཅུད་གླིང་དང་། ཟོག་འགྲེམས་བསྡུ་འགྲེམས་གླིང་། ཡུལ་སྐོར་སྤྲོ་གསེང་གླིང་། ཤྭ་བ་སྤྱན་གཟིགས་གླིང་། ཆུ་ཚན་ལུས་གསོ་གླིང་བཅས་ཧུར་ཐག་བསྐྲུན་རྒྱུ་ཡིན”ཞེས་འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་རེན་ཧོའུ་མིང་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་མཆིས།

    “སླད་ཕྱིན་ང་ཚོས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་གཟེར་དབྱིབས་མྰེ་གཏེར་ལས་སྣོན་བྱ་རྒྱུ་སྣེ་འདྲེན་དུ་བྱས་ཐོག་ཁ་རུབ་གཏེར་ཆུ་དང་། ཞ་ཉེ་དང་ཏི་ཚའི་གཏེར་ཁ། ཚགས་ཤ་ལས་སྣོན་བཟོ་གྲྭ་བཅས་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་རེན་ཧོའུ་མིང་གིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།