དབུ་ཤོག>གསར་འགྱུར།
  • གཞིས་རྩེ་མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་པའི་རྣམ་གྲངས་སྤྱི་ཟླ་གསུམ་པའི་ནང་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-03-02

    རང་ལྗོངས་ཀྱི་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་གྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་གི་ངོས་ནས།  གཞིས་རྩེ་མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སིས།  ཉིན་རེར་སྐམ་ཐབས་ཨར་འདམ་ཀྲོན་ཉིས་སྟོང་ཐོན་སྐྱེད་བྱེད་པའི་རྣམ་གྲངས་སྤྱི་ཟླ་གསུམ་པའི་ནང་།  དངོས་སུ་ལག་བསྟར་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།ཤེས་རྟོགས་བྱས་པར་གཞིགས་ན།  རྣམ་གྲངས་དེའི་ལོའི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་སྒོར དུང་ཕྱུར༥དང་ཁྲི་ཚོ་དྲུག་སྟོང་ ཟིན་རྒྱུ་དང་།  ལོར་དཔྱ་ཁྲལ་སྒོར་ཁྲི་ཚོ་6000ལྷག་ཙམ་འཇལ་རྒྱུ་མ་ཟད་ཐད་ཀར་ལས་གནས་སུམ་བརྒྱ་ལྷག་ཙམ་མཁོ་འདོན་ཐུབ་ནས།  གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་ཐེབས་རྒྱུ་དང་།  ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་དེ་བཞིན་ས་ཆ་དེ་གའི་གཏེར་ཁའི་ཐོན་ལས་དང་གློག་ཤུགས།  ཟོག་འདྲེན།  ལས་ཞུགས།  དཔལ་འབྱོར་ཉོ་ཚོང་སོགས་ལས་རིགས་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འཁྲིད་ཐུབ་རྒྱུ་མ་ཟད།  ལྷོ་ཨེ་ཤི་ཡའི་ཁུལ་གྱི་ཨར་འདམ་ཁྲོམ་ར་རྒྱ་ཆེར་འགྲོ་རྒྱུར་སྐུལ་འདེད་ཀྱི་་ནུས་པ་སྔར་བས་ཆེ་བ་ཐོན་ནས།  གཞིས་རྩེ་གྲོང་ཁྱེར་ལ་ཕྱི་དངུལ་ཡོང་འབབ་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།