དབུ་ཤོག>གསར་འགྱུར།
  • ན་ནིང་གཞིས་རྩེ་གྲོང་ཁྱེར་ལ་ཁྲལ་འབབ་སྒོར་དུང་ཕྱུར་10.04ལྷག་ཙམ་བྱུང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-02

    གསར་འགོད་པར་ཉེ་ཆར་གཞིས་རྩེ་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་བར། 2014ལོར་གཞིས་རྩེ་གྲོང་ཁྱེར་གྱིས“ཁྲིམས་ལྟར་ཁྲལ་བསྡུ་བ་དང་། བསྡུ་དགོས་རིགས་མཐའ་དག་བསྡུ་བ། ཆེ་དྲགས་པའི་ཁྲལ་གཏན་ནས་མི་བསྡུ་བ། དབང་ཚད་ལས་བརྒལ་ནས་དཔྱ་ཁྲལ་རྩ་ཆག་དང་ཆག་ཡང་གཏོང་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ”བཅས་ཀྱི་ཡོང་འབབ་སྒྲིག་འཛུགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁྲལ་བསྡུའི་དོ་དམ་ཁྱོན་ཡོངས་ནས་ཤུགས་ཆེར་བཏང་བར་ཁྲལ་བསྡུའི་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད། ལོ་ཧྲིལ་པོར་གྲོང་ཁྱེར་དེ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་ཁག་སྒོར་དུང་ཕྱུར་10.04བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་ཁྲལ་དངུལ་ཁག་སྒོར་ཁྲི་4118རྩ་ཆག་དང་ཆག་ཡང་བཏང་བ་དང་། ཁེ་ལས་ཆུང་བ་དང་ཆེས་ཆུང་གྲས་ཀྱི་གནས་འཕར་རིན་ཐང་གི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྔར་བས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་ཁྱེར་དེ་ཡོངས་སུ་ཁེ་ལས་ཆུང་བ་དང་ཆེས་ཆུང་གྲས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་དངོས་སུ་ལོངས་སྤྱོད་ཐུབ་པའི་ཁྲལ་འཇལ་མཁན་226ཟིན་ནས་ལོ་འཁོར་མོར་ཁྲལ་འབོར་སྒོར་ཁྲི་7.22ཆག་ཡང་དང་རྩ་ཆག་བཏང་བ་རེད།

    དུས་མཚུངས“ལས་གཉེར་དཔྱ་ཁྲལ་ནས་རིན་ཐང་འཕར་མའི་ཁྲལ་དུ་སྒྱུར་བའི”འབྲེལ་ཡོད་སྲིད་ཇུས་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་པར་མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི“ལས་གཉེར་དཔྱ་ཁྲལ་ནས་རིན་ཐང་འཕར་མའི་ཁྲལ་དུ་སྒྱུར་བའི”ཚོད་ལྟའི་ཁྲལ་འཇལ་མཁན་397ཟིན་ནས་ལོའི་ནང་ཚོད་ལྟའི་ཁྲལ་འཇལ་མཁན་ཁྱོན་29མང་དུ་ཕྱིན་པ་དང་ཁྲལ་འཇལ་དགོས་རིགས་ཀྱི་ཞབས་ཞུའི་རིན་ཐང་འཕར་མའི་དཔྱ་ཁྲལ་གྱི་འཇལ་དགོས་པའི་ཁྲལ་འབོར་སྒོར་ཁྲི་1376.53ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།