
ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་རོང་ཡུལ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(ཀྲུང་གོ་ཏ་ཐང་ཚོགས་པས་མངགས་གཏོང་བྱས་པ)གིས་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་གྲོང་མིའི་བསམ་འདུན་གཙོ་གནད་ཐོག་འཚོལ་བསྡུ་བྱེད་པ་དང་གྲོང་མིའི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་སྟེ་གྲོང་མིར་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རོགས་བྱས་ནས་གྲོང་མིར་མིག་མཐོང་ལག་འཛིན་ཐུབ་པའི་ཕན་པ་དངོས་ཐོབ་པ་བྱས་ཤིང་། འདི་ནི་ལས་དོན་རུ་ཁག་གི་རུ་མིས་གྲོང་མིར་རི་སྐྱེས་སྨན་རྩྭ་སྔོག་འཐུ་བྱེད་རོགས་བྱེད་པའི་གནས་ཚུལ་ཡིན་པ།