དབུ་ཤོག>གསར་འགྱུར།
  • ལྷ་སའི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་འཕར་ཚད་18%ལས་བརྒལ་རེ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-28

    གསར་འགོད་པས་ཉེ་དུས་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི“ལས་རིགས་བཞིའི་འདུ་འགོད”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱས་པར། 2015ལོར་ལྷ་ས་གྲོང་ཁྱེར་གྱི“ལས་རིགས་བཞིའི་འདུ་འགོད”ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་ལྡན་པའི་མི་ཁྲི་3.28གསོ་སྦྱོང་བྱས་ཏེ་ལས་ཞུགས་གཞན་སྒྱུར་དང་ལས་ཞུགས་གསོ་སྦྱོང་བྱེད་ཚད་80%ཡན་ཟིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་འཕར་ཚད་18%ཡན་ཟིན་པ། “ལས་རིགས་བཞིའི་འདུ་འགོད”ཡོང་འབབ་ཀྱིས་ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་ཀྱི་80%ཡན་ཟིན་པ་བཅས་ཀྱི་བརྩོན་ལེན་བྱ་རྩིས་ཡོད་པ་རེད། 

    འདི་ལོ་ལྷ་ས་གྲོང་ཁྱེར་གྱི“ལས་རིགས་བཞིའི་འདུ་འགོད”ཀྱིས་ཞིང་འཕྲུལ་བཀོལ་སྤྱོད་དང་། ཞིང་ལས་སྐྱེ་དངོས་འདེབས་འཛུགས། འབྲོག་ལས་གསོ་ཚགས་སོགས་ཞིང་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་རྩལ་ནུས་གསོ་སྦྱོང་དང་། ཨར་ལས་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཁྱད་ལྡན་ཐོན་རྫས་ལས་སྣོན་སོགས་ལས་གཏོད་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་དང་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཚན་རྩལ་འདུས་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།

    འདི་ལོ་ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ལས་དོན་ཐད“གཞན་སྒྱུར་ཐུབ་པ་དང་། སེམས་གནས་ཐུབ་པ། ལས་ཞུགས་བརྟན་པོ་ཐུབ་པ། ཕྱུག་འགྱུར་ཐུབ་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཞིང་ལས་དེང་རབས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་པས་ཆེད་ལས་མཉམ་ལས་ཁང་དང་མ་རྐང་མཉམ་ལས་སོགས་སྣ་མང་ཅན་དང་རིགས་མང་བའི་དཔལ་འབྱོར་རྩ་འཛུགས་གཉེར་རྒྱུར་སྐུལ་ལྕག་བྱས་ནས་ལོ་འཁོར་ནང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་15ཡན་འཕར་ཐུབ་པ་དང་། ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།