དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ས་གཙང་སྐྱོན་བྲལ་ཐོན་ལས་འཕེལ་རྒྱས་འགྲོ་མགྱོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-25

    ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱས་པར། ཁྲེང་ཀོན་ཆུས་ཀྱི་ས་གཙང་སྐྱོན་བྲལ་ཐོན་ལས་ལག་ལེན་བསྟར་ནས་ལོ་གཅིག་སོང་ཚུན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས“ཤ་ཚལ་སྒོང་གསུམ”འགོ་འཛུགས་སར་བྱེད་པ་དང་། གསོ་སྤེལ་ལས་རིགས་དོན་ལ་བབ་སར་བྱེད་པ། འདེབས་འཛུགས་ཐོན་ལས་རྨང་གཞིར་བྱེད་པ། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་བཅས་བྱས་ཏེ་ཡུལ་དེའི་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱས་པ་དང་ཐབས་ལམ་མང་པོ་དང་བྱ་ཐབས་སྣ་ཚོགས་ཐོག་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད།

    2014ལོར་ཁྲེང་ཀོན་ཆུས་ས་གཙང་སྐྱོན་བྲལ་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ཁག་13ལག་ལེན་བསྟར་བར་རྣམ་གྲངས་ཐད་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3.1བཏང་ཡོད་ཅིང་། མིག་སྔའི་བར་ཁྲེང་ཀོན་ཆུས་ཀྱི་ས་གཙང་སྐྱོན་བྲལ་ཐོན་ལས་འཕེལ་རྒྱས་རྣམ་གྲངས(ཞིང་ཟོག་ཉོ་ཚོང་ཁྲོམ་རའི་ཁྲོམ་སྟེགས་བོགས་གཏོང་རྣམ་གྲངས་ཕུད)ཚང་མ་ལག་ལེན་བསྟར་འགོ་ཚུགས་པ་དང་ཐོན་ལས་རྟེན་གཞི་ཁག་འཛུགས་སྐྲུན་ཐད་གཞི་ཁྱོན་རགས་ཙམ་ཆགས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི“མིང་ཤོག”ཅིག་ཏུ་གྱུར་ཡོད།

    ཁྲེང་ཀོན་ཆུས་ཀྱི་སྔོ་ཚལ་ཐད་ཚོང་རླངས་འཁོར་རྣམ་གྲངས་2014ལོའི་ཟླ་དང་པོར་ལག་ལེན་བསྟར་བ་ནས་བཟུང་གནས་གཏན་འཁེལ་གྱི་སྔོ་ཚལ་ཐད་ཚོང་དང་སྐོར་སྐྱོད་ཕྱིར་ཚོང་བྱས་པར་ད་ལྟ་འཁོར་རྒྱུག་བྱེད་པའི་རླངས་འཁོར་82ཟིན་ནས་ཉིན་རེར་རླངས་འཁོར་རེས་སྔོ་ཚལ་སྡེབ་སྐྱེལ་བྱེད་ཚད་སྤྱི་རྒྱ་500ལྷག་ཙམ་ཟིན་པ་དང་ཐད་ཚོང་སྔོ་ཚལ་གྱི་གོང་ཚད་གཞི་རྩའི་ཐོག་ཁྲོམ་ར་ལས་10%ནས་30%བར་དམའ་བ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ལ་ཁེ་བཟང་སྤྲོད་ཚད་སྒོར་ཁྲི་155ཟིན་ཡོད། ཐད་ཚོང་རླངས་འཁོར་བཀོལ་སྤྱོད་བྱས་པ་དེས་ཡུལ་མིའི་ཚལ་ཉོ་དཀའ་བ་དང་གོང་ཚད་མཐོ་བའི་གནད་དོན་ཐག་གཅོད་བྱུང་བ་མ་ཟད་སྔོ་ཚལ་འདེབས་འཛུགས་དུད་ཚང་གི་ཚལ་ཚོང་དཀའ་བའི་གནད་དོན་དང་དུས་མཚུངས་མི་200ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱུང་ཡོད་པ་རེད།

    ཤ་ཚལ་སྒོང་གསུམ་ནས—སོས་ཉར་མཛོད་འཇུག—ཐད་ཚོང་རླངས་འཁོར་སྡེ་ཁུལ་དང་། སློབ་གྲྭ དགོན་སྡེ་བཅས་སུ་བསྐྱོད་པའི་བར་ཁྲེང་ཀོན་ཆུས་སུ་ཐོན་སྐྱེད་དང་། མཁོ་འདོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་འཁོར་རྒྱུག་དཔེ་དབྱིབས་ཅིག་རགས་ཙམ་ཆགས་པ་དང“ཐོན་སྐྱེད་བྱ་ཡུལ་ནས་གསོལ་ཅོག་བར”གྱི་མགོ་མཇུག་གཙང་སྒྲིལ་གྱི་ཐད་ཀའི་མཁོ་སྤྲོད་ཐུབ་སྟེ་དེའི་བར་གྱི་ལྷུ་ཚིགས་ཉུང་དུ་སོང་ནས་ལྷ་ས་གྲོང་ཁྱེར་གྱི་ཚལ་གྱི་རིན་གོང་དང་ཤའི་རིན་གོང་མཐོ་བའི་གནས་ཚུལ་ཞི་ལྷོད་དུ་སོང་ཡོད། མིག་སྔར་ཁྲོམ་སྟེགས་བོགས་གཏོང་རྣམ་གྲངས་ཕུད་ཁྲེང་ཀོན་ཆུས་ཀྱིས་སྐུལ་འདེད་ཤུགས་ཆེན་གཏོང་བའི་ནུས་ཆེའི་དྲོད་ཁང་དང་། སོས་ཉར་གྲང་མཛོད། སྔོ་ཚལ་སོས་པ་ལས་སྣོན་བཟོ་གྲྭ སྔོ་ཚལ་ཐད་ཚོང་རླངས་འཁོར་བཅས་ཀྱི་རྣམ་གྲངས་འདུ་འགོད་ཚང་མ་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་ཀྱིས་མ་དངུལ་བསྡོམས་འབོར་སྒོར་ཁྲི་3048.6བཏང་ནས་དུག་སེལ་ཁང་དང་རྫབ་རླངས་རྫིང་བུ་འབྲིང་གྲས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་བཞོན་མ་དང་ནད་ཡམས་ཞིབ་བཤེར་དུག་སེལ་སྒྲིག་ཆས་སོགས་ཉོ་སྒྲུབ་བྱས་པར་རྔ་ཆེན་ཤང་གཙང་རལ་གྲོང་ཚོ་དང་དགོན་སྟོད་གྲོང་ཚོ་དང་། ཉང་བྲན་ཤང་། ཚལ་གུང་ཐང་ཤང་ཚེ་མཆོག་གླིང་གྲོང་ཚོ་བཅས་ཀྱི་བཞོན་མ་གསོ་སྤེལ་ཁུལ་ཆུང་གི་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    ཁྲེང་ཀོན་ཆུས་ཀྱིས་ད་དུང་ལྟེ་བའི་གྲོང་ཁུལ་དུ་ཆགས་པའི་ས་ཁོངས་ལེགས་ཆ་སྤྱད་དེ“དཔེ་སྟོན་གླིང་གསུམ”(དཔལ་སྡིངས་གྲོང་ཚོའི་སྤྱི་གནོད་མེད་པའི་སྔོ་ཚལ་ཚན་རྩལ་དཔེ་སྟོན་གླིང་དང་། སྒྲིག་བཀོད་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་། ལྷོ་ངོས་སྤྲོ་གསེང་གཟིགས་སྐོར་སྣོད་བཅུད་མཛེས་ལྗོངས་དཔེ་སྟོན་གླིང་བཅས)དང“དཔེ་སྟོན་ལུང་ཤུར་ལྔ”(གྲིབ་ཁམ་བུ་དཔེ་སྟོན་ལུང་ཤུར་དང་། གཞལ་གྱི་སེའུ་དཔེ་སྟོན་ལུང་ཤུར། དོག་སྡེའི་རྒུན་འབྲུམ་དཔེ་སྟོན་ལུང་ཤུར། ཉང་བྲན་གྱི་ལི་དང་སྟར་ཁ་དཔེ་སྟོན་ལུང་ཤུར། དགའ་པ་QQཁྱིམ་ཚང་ཞིང་ར་དཔེ་སྟོན་ལུང་ཤུར་བཅས)བཏོད་པ་དང་སྤྲོ་གསེང་དང་། མཛེས་ལྗོངས་ལ་ལྟ་སྐོར། གྲོང་ཁྱེར་དང་གྲོང་ཁྱེར་ཉེ་འདབས་ཀྱི་དཔལ་འབྱོར་བཅས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ས་གཙང་ཞིང་ལས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རྣམ་གྲངས་ཁག་དེ་དག་འཛུགས་སྐྲུན་ལག་ལེན་བསྟར་བ་བརྒྱུད་ལྷ་སའི་ཤིང་ཏོག་ཁྲོམ་རའི་སྣ་ཁ་ཕུན་སུམ་ཚོགས་སུ་སོང་ནས་གོམ་སྟབས་རྗེས་མའི་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་ཐོན་ལས་སྦྲེལ་ཐག་རྒྱ་སྐྱེད་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད། དུས་མཚུངས་ཚལ་གུང་ཐང་ཤང་གི་གྲིབ་དང་གཞལ། ཉང་བྲན་ཤང་། དོག་སྡེ་ཤང་བཅས་ཀྱི་ཉིན་གཅིག་ཡུལ་སྐོར་གྱི་ཐོན་ཁུངས་ལྟེ་བར་བྱེད་པ་དང་ཁམ་བུའི་མེ་ཏོག་ལུང་ཤུར་དང་རྒུན་འབྲུམ་ལུང་ཤུར་གཙོ་གནད་ཐོག་བཏོད་དེ་ཉིན་གཅིག་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཐོག་མང་ཚོགས་ཁང་པའི་ཕྱིར་དོན་མི་དགོས་པར་ཐོན་ལས་གཞན་སྒྱུར་དང་རིམ་སྤོར་ཐུབ་ནས་ཡུལ་དེ་གའི་སྣོད་བཅུད་ཡུལ་སྐོར་སོགས་ལེ་ལག་ཆ་ཚང་བའི་ཐོན་ལས་སྔར་བས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞིང་། མིག་སྔར་ཚལ་གུང་ཐང་ཤང་གྲིབ་ཁམ་བུ་ཁྱབ་གདལ་དང་། དོག་སྡེ་ཤང་གི་རྒུན་འབྲུམ་འདེབས་འཛུགས། ཉང་བྲན་ཤང་གི་ཁམ་སྡོང་དང་ལིའི་སྡོང་པོ་ཁྱབ་གདལ་བཅས་ཀྱི་རྣམ་གྲངས་ཚང་མ་འདེབས་འཛུགས་བྱས་པ་དང་འབྲེལ་གསབ་འཛུགས་ལེགས་གྲུབ་ཟིན་ནས་བདག་སྐྱོང་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།