དབུ་ཤོག>གསར་འགྱུར།
  • ལྷོ་ཁས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བས་ཐོན་འཕར་འབབ་འཕར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-18
       ཉེ་ཆར། ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ཞིང་འབྲོག་ཅུས་ཀྱི་སྒོ་རའི་ནང་འཁྲུག་ཆ་དོད་ཅིང་། དེ་ནི་རྣམ་རྒྱལ་ཞོལ་ཤང་གི་ཞིང་འབྲོག་པ་རྣམས་ཀྱིས་ཞོགས་པ་སྔ་པོ་ནས་དེ་གར་རྒྱལ་ཁབ་ཀྱིས་ཁ་གསབ་གནང་བའི་ཞིང་འཕྲུལ་ལེན་པར་ཡོང་བས་ཡིན་པ་རེད།

    “རང་ཁྱིམ་དུ་ན་ནིང་འབྲུ་འཕྱར་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་ཉོས་པར་རྒྱལ་ཁབ་ཀྱིས་དངུལ་སྒོར་7000ལྷག་ཙམ་ཁ་གསབ་གནང་བྱུང་། ཏང་གི་སྲིད་ཇུས་དངོས་གནས་ཡག་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་རྣམ་རྒྱལ་ཞོལ་ཤང་རྣམ་རྒྱལ་ཞོལ་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་ཚེ་རིང་དོན་གྲུབ་ཀྱིས་འདྲུད་འཐེན་འཁོར་ལོ་གསར་པར་ཁ་བཏགས་གཡོག་བཞིན་དུ་གསར་འགོད་པར་བཤད།

    གོང་དཀར་རྫོང་ཞིང་འབྲོག་ཅུས་ཀྱི་ལས་དོན་མི་སྣ་བཀྲ་ཤིས་ཀྱིས་2014ལོར་གོང་དཀར་རྫོང་གི་ཞིང་འབྲོག་པས་ཞིང་འཕྲུལ་ཁྱོན་2389ཉོས་པ་དེ་དག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་500ཟིན་ཡོད། ད་ཐེངས་སྤྲད་པ་དེ་དག་2014ལོའི་ཞིང་འཕྲུལ་ཁག་མཇུག་མ་རེད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་ས་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་པའི་དཔལ་འབྱོར་ཡོང་འབབ་རིམ་བཞིན་འཕར་ཁར་རྒྱལ་ཁབ་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་བྱེད་པར་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་བས་འཕྲུལ་ཆས་སྤྱད་ནས་ཞིང་ཁ་འདེབས་མཁན་ཞིང་འབྲོག་པ་མང་དུ་འགྲོ་བཞིན་ཡོད་པ་དེ་ལས་ཞིང་འབྲོག་པ་དཀའ་ལས་ཆུང་དུ་ཕྱིན་པ་དང་དུས་ཚོད་ཀྱང་ཐུང་དུ་ཕྱིན་པས་ཞིང་འབྲོག་པ་མང་པོ་ཞིག་ཐོན་ལས་གཞན་ནང་ཞུགས་པའི་དུས་ཚོད་ཡོད་ལ་ནུས་ཤུགས་ཀྱང་ཡོད་པར་གྱུར་ནས་ཞིང་ལས་ཐོན་འཕར་དང་ཞིང་པ་འབབ་འཕར་ལ་སྐུལ་མ་ཐེབས་ཡོད་པ་རེད།

    ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཞིང་འཕྲུལ་ཁོའོ་ཡི་ཁོའོ་ཀྲང་ཟླ་བ་བསམ་གྲུབ་ཀྱིས་2014ལོ་ཁོ་ནར་ས་ཁུལ་དེ་ཡོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་རོགས་དངུལ་སྒོར་ཁྲི་4589.9ཟིན་ཡོད། ཁ་གསབ་རོགས་དངུལ་ཡོད་པའི་ཞིང་འཕྲུལ་ནང་རྨོ་ལས་ས་སྙོམས་འཕྲུལ་འཁོར་དང་། འདེབས་འཛུགས་ལུད་རྒྱག་འཕྲུལ་འཁོར་། ཞིང་ནང་གཡོག་བྱེད་འཕྲུལ་འཁོར། བརྔ་བསྡུ་འཕྲུལ་འཁོར། ཞིང་ནང་གཞི་རྩའི་འཛུགས་སྐྲུན་འཕྲུལ་འཁོར་སོགས་རིགས་ཆེ་ཁག་11དང་ཆུང་གྲས་26གི་སྣ་ཁ་60དང་རིམ་པ་267གྱི་ཞིང་འཕྲུལ་ཡོད་ཅེས་བཤད།

    ཟླ་བ་བསམ་གྲུབ་ཀྱིས་ས་ཁུལ་ཡོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱ་རྒྱུ་དེ་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ཞིང་འཕྲུལ་སྒྲིག་ཆས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་ཡོངས་བསྒྲགས་དང་དྲང་གཞག་ངང་བཀོལ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། ཞབས་ཞུར་ཤུགས་སྣོན་རྒྱག་པ། ཚད་ལྡན་ངང་དོ་དམ་བྱེད་པ། ཞིང་འབྲོག་པ་རྣམས་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་བྱེད་རིང་ཐོན་པའི་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱས་ནས་ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཁེ་ཕན་སྐྲུན་པའི་སྲིད་ཇུས་དེ་རྒྱ་ཆེའི་ཞིང་འབྲོག་པར་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱས་པས་ས་ཁུལ་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་མགྱོགས་མྱུར་ངང་ཆེས་མང་དུ་ཕྱིན་པ་དང་ཞིང་ལས་འཕྲུལ་ཆས་ཅན་ནི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།

    “ད་ཆ་ང་ཚོའི་གྲོང་ཚོའི་དུད་ཚང་ཚང་མར་བརྔ་བསྡུ་འཕྲུལ་འཁོར་དང་འབྲུ་འདོན་འཕྲུལ་འཁོར་སོགས་ཞིང་འཕྲུལ་ཡོད། དེ་སྔོན་ནས་བརྔ་བསྡུ་བྱེད་པ་ནས་མཛོད་འཇུག་བྱེད་པར་ཉུང་ཤོས་ལ་ཟླ་གཅིག་དགོས་ཀྱི་ཡོད། ད་ཆ་འཕྲུལ་ཆས་དེ་དག་ཡོད་པས་ཉིན་གཉིས་གསུམ་ནང་འབྲུ་རིགས་ཚང་མ་མཛོད་འཇུག་བྱེད་ཐུབ། འཕྲུལ་ཆས་བེད་སྤྱོད་བཏང་ནས་ལས་ཕྱོད་ཆེ་རུ་ཕྱིན་པ་དང་འཕྲོ་བརླག་ཉུང་དུ་ཕྱིན་པས་ཚང་མས་ཞིང་ལས་འཕྲུལ་ཆས་དེ་དག་ལས་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་འདུག་ཅེས་བརྗོད་ཀྱི་འདུག”ཅེས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་གྱི་ལེགས་ཆའི་སྐོར་བརྗོད་སྐབས་ལྷུན་རྩེ་རྫོང་བྱ་ཡུལ་ཤང་བྱ་ཡུལ་གྲོང་ཚོའི་གྲོང་མི་པད་མས་དེ་ལྟར་བཤད།

    ཞིང་ལས་འཕྲུལ་ཆས་ཁྱབ་སྤེལ་དང་བེད་སྤྱོད་བཏང་བ་ལས་འབྲེལ་ཡོད་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཅིང་། “ད་ཆ་རྒྱ་དྲུག་གླིང་གྲོང་རྡལ་གྱི་ཁྱིམ་ཚང་ཚང་མར་ཞིང་འཕྲུལ་ཡོད། རང་ཉིད་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཆེད་མངགས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ཞིང་འཕྲུལ་ཉམས་བཟོ་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་པ་ཡིན། གསོ་སྦྱོང་དང་ལེན་རྗེས་ཞིང་འཕྲུལ་ཉམས་བཟོ་ཁང་དེ་བཙུགས་པས་ད་ཆ་ཚོང་ཧ་ཅང་ཡག་པོ་འདུག”ཅེས་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་གྱི་ཞིང་འཕྲུལ་ཉམས་བཟོ་ཁང་གི་སྦྱིན་བདག་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད། ལྷོ་ཁ་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་དབང་ཆེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མང་ཚོགས་ལ་རིན་མི་དགོས་པར་ཞིང་འཕྲུལ་ཉམས་བཟོའི་ལག་རྩལ་གསོ་སྦྱོང་ཐེངས་མང་བྱས་པ་དང་། 2014ལོ་ཁོ་ནར་ཞིང་འབྲོག་པ་360གསོ་སྦྱོང་བྱས་པས་ད་ཆ་རྫོང་ཁག་གི་ཞིང་འབྲོག་པས་བཀྲ་ཤིས་དང་འདྲ་བར་ཞིང་འཕྲུལ་ཉམས་བཟོ་ཁང་བཙུགས་ཡོད་པ་རེད།འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ཞིང་འབྲོག་ཅུས་ཀྱི་སྒོ་རའི་ནང་འཁྲུག་ཆ་དོད་ཅིང་། དེ་ནི་རྣམ་རྒྱལ་ཞོལ་ཤང་གི་ཞིང་འབྲོག་པ་རྣམས་ཀྱིས་ཞོགས་པ་སྔ་པོ་ནས་དེ་གར་རྒྱལ་ཁབ་ཀྱིས་ཁ་གསབ་གནང་བའི་ཞིང་འཕྲུལ་ལེན་པར་ཡོང་བས་ཡིན་པ་རེད།

    “རང་ཁྱིམ་དུ་ན་ནིང་འབྲུ་འཕྱར་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་ཉོས་པར་རྒྱལ་ཁབ་ཀྱིས་དངུལ་སྒོར་7000ལྷག་ཙམ་ཁ་གསབ་གནང་བྱུང་། ཏང་གི་སྲིད་ཇུས་དངོས་གནས་ཡག་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་རྣམ་རྒྱལ་ཞོལ་ཤང་རྣམ་རྒྱལ་ཞོལ་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་ཚེ་རིང་དོན་གྲུབ་ཀྱིས་འདྲུད་འཐེན་འཁོར་ལོ་གསར་པར་ཁ་བཏགས་གཡོག་བཞིན་དུ་གསར་འགོད་པར་བཤད།

    གོང་དཀར་རྫོང་ཞིང་འབྲོག་ཅུས་ཀྱི་ལས་དོན་མི་སྣ་བཀྲ་ཤིས་ཀྱིས་2014ལོར་གོང་དཀར་རྫོང་གི་ཞིང་འབྲོག་པས་ཞིང་འཕྲུལ་ཁྱོན་2389ཉོས་པ་དེ་དག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་500ཟིན་ཡོད། ད་ཐེངས་སྤྲད་པ་དེ་དག་2014ལོའི་ཞིང་འཕྲུལ་ཁག་མཇུག་མ་རེད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་ས་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་པའི་དཔལ་འབྱོར་ཡོང་འབབ་རིམ་བཞིན་འཕར་ཁར་རྒྱལ་ཁབ་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་བྱེད་པར་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་བས་འཕྲུལ་ཆས་སྤྱད་ནས་ཞིང་ཁ་འདེབས་མཁན་ཞིང་འབྲོག་པ་མང་དུ་འགྲོ་བཞིན་ཡོད་པ་དེ་ལས་ཞིང་འབྲོག་པ་དཀའ་ལས་ཆུང་དུ་ཕྱིན་པ་དང་དུས་ཚོད་ཀྱང་ཐུང་དུ་ཕྱིན་པས་ཞིང་འབྲོག་པ་མང་པོ་ཞིག་ཐོན་ལས་གཞན་ནང་ཞུགས་པའི་དུས་ཚོད་ཡོད་ལ་ནུས་ཤུགས་ཀྱང་ཡོད་པར་གྱུར་ནས་ཞིང་ལས་ཐོན་འཕར་དང་ཞིང་པ་འབབ་འཕར་ལ་སྐུལ་མ་ཐེབས་ཡོད་པ་རེད།

    ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཞིང་འཕྲུལ་ཁོའོ་ཡི་ཁོའོ་ཀྲང་ཟླ་བ་བསམ་གྲུབ་ཀྱིས་2014ལོ་ཁོ་ནར་ས་ཁུལ་དེ་ཡོངས་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་རོགས་དངུལ་སྒོར་ཁྲི་4589.9ཟིན་ཡོད། ཁ་གསབ་རོགས་དངུལ་ཡོད་པའི་ཞིང་འཕྲུལ་ནང་རྨོ་ལས་ས་སྙོམས་འཕྲུལ་འཁོར་དང་། འདེབས་འཛུགས་ལུད་རྒྱག་འཕྲུལ་འཁོར་། ཞིང་ནང་གཡོག་བྱེད་འཕྲུལ་འཁོར། བརྔ་བསྡུ་འཕྲུལ་འཁོར། ཞིང་ནང་གཞི་རྩའི་འཛུགས་སྐྲུན་འཕྲུལ་འཁོར་སོགས་རིགས་ཆེ་ཁག་11དང་ཆུང་གྲས་26གི་སྣ་ཁ་60དང་རིམ་པ་267གྱི་ཞིང་འཕྲུལ་ཡོད་ཅེས་བཤད།

    ཟླ་བ་བསམ་གྲུབ་ཀྱིས་ས་ཁུལ་ཡོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱ་རྒྱུ་དེ་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ཞིང་འཕྲུལ་སྒྲིག་ཆས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་ཡོངས་བསྒྲགས་དང་དྲང་གཞག་ངང་བཀོལ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། ཞབས་ཞུར་ཤུགས་སྣོན་རྒྱག་པ། ཚད་ལྡན་ངང་དོ་དམ་བྱེད་པ། ཞིང་འབྲོག་པ་རྣམས་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་བྱེད་རིང་ཐོན་པའི་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱས་ནས་ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཁེ་ཕན་སྐྲུན་པའི་སྲིད་ཇུས་དེ་རྒྱ་ཆེའི་ཞིང་འབྲོག་པར་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱས་པས་ས་ཁུལ་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་མགྱོགས་མྱུར་ངང་ཆེས་མང་དུ་ཕྱིན་པ་དང་ཞིང་ལས་འཕྲུལ་ཆས་ཅན་ནི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།

    “ད་ཆ་ང་ཚོའི་གྲོང་ཚོའི་དུད་ཚང་ཚང་མར་བརྔ་བསྡུ་འཕྲུལ་འཁོར་དང་འབྲུ་འདོན་འཕྲུལ་འཁོར་སོགས་ཞིང་འཕྲུལ་ཡོད། དེ་སྔོན་ནས་བརྔ་བསྡུ་བྱེད་པ་ནས་མཛོད་འཇུག་བྱེད་པར་ཉུང་ཤོས་ལ་ཟླ་གཅིག་དགོས་ཀྱི་ཡོད། ད་ཆ་འཕྲུལ་ཆས་དེ་དག་ཡོད་པས་ཉིན་གཉིས་གསུམ་ནང་འབྲུ་རིགས་ཚང་མ་མཛོད་འཇུག་བྱེད་ཐུབ། འཕྲུལ་ཆས་བེད་སྤྱོད་བཏང་ནས་ལས་ཕྱོད་ཆེ་རུ་ཕྱིན་པ་དང་འཕྲོ་བརླག་ཉུང་དུ་ཕྱིན་པས་ཚང་མས་ཞིང་ལས་འཕྲུལ་ཆས་དེ་དག་ལས་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་འདུག་ཅེས་བརྗོད་ཀྱི་འདུག”ཅེས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་གྱི་ལེགས་ཆའི་སྐོར་བརྗོད་སྐབས་ལྷུན་རྩེ་རྫོང་བྱ་ཡུལ་ཤང་བྱ་ཡུལ་གྲོང་ཚོའི་གྲོང་མི་པད་མས་དེ་ལྟར་བཤད།

    ཞིང་ལས་འཕྲུལ་ཆས་ཁྱབ་སྤེལ་དང་བེད་སྤྱོད་བཏང་བ་ལས་འབྲེལ་ཡོད་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཅིང་། “ད་ཆ་རྒྱ་དྲུག་གླིང་གྲོང་རྡལ་གྱི་ཁྱིམ་ཚང་ཚང་མར་ཞིང་འཕྲུལ་ཡོད། རང་ཉིད་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཆེད་མངགས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ཞིང་འཕྲུལ་ཉམས་བཟོ་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་པ་ཡིན། གསོ་སྦྱོང་དང་ལེན་རྗེས་ཞིང་འཕྲུལ་ཉམས་བཟོ་ཁང་དེ་བཙུགས་པས་ད་ཆ་ཚོང་ཧ་ཅང་ཡག་པོ་འདུག”ཅེས་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་གྱི་ཞིང་འཕྲུལ་ཉམས་བཟོ་ཁང་གི་སྦྱིན་བདག་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད། ལྷོ་ཁ་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་དབང་ཆེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མང་ཚོགས་ལ་རིན་མི་དགོས་པར་ཞིང་འཕྲུལ་ཉམས་བཟོའི་ལག་རྩལ་གསོ་སྦྱོང་ཐེངས་མང་བྱས་པ་དང་། 2014ལོ་ཁོ་ནར་ཞིང་འབྲོག་པ་360གསོ་སྦྱོང་བྱས་པས་ད་ཆ་རྫོང་ཁག་གི་ཞིང་འབྲོག་པས་བཀྲ་ཤིས་དང་འདྲ་བར་ཞིང་འཕྲུལ་ཉམས་བཟོ་ཁང་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།