དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ལོན་རེ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ   |     སྤེལ་དུས།  2015-02-17
    གསར་འགོད་པས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། འདི་ལོ་རང་ལྗོངས་ཀྱིས“1488”ཀྱི་ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། སྒྲིག་བཀོད་ཞིང་འབྲོག་ལས། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་མ་གནས་གྲོན་ཆུང་དང་ཕན་འབྲས་མཐོར་གཏོང་གི་ལག་རྩལ་གསར་གཏོད་བཅས་ཐད་གྲུབ་འབྲས་གལ་ཆེན་མང་པོ་ཞིག་ཐོབ་པའི་བརྩོན་ལེན་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་རང་ལྗོངས་ཀྱིས་ཁྱད་ལྡན་ཕྱུགས་རིགས་དང་བྱ་རིགས་ཀྱི་ཡུལ་དེ་གའི་རྒྱུད་བཟང་འདེམས་གསོ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས་ཚན་རིག་དང་མཐུན་པའི་འདེམས་གསོའི་ལམ་ཕྱོགས་དང་ལས་ཀའི་ལམ་སྲོལ་ཆགས་པ་དང་། རང་བརྟེན་འདེབས་འཛུགས་ཀྱི་སྔོ་ཚལ་གྱི་སྣ་ཁ་གསར་པ་5གཏན་འཁེལ་བྱས་པ། ལྡུམ་རའི་ལག་རྩལ་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་21ནང་འདྲེན་དང་བདམས་པ་བཅས་རེད། དེ་དང་དུས་མཚུངས་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར)40ཡི་མུའུ་ཁྲི་43.11གི་སར་བོད་ནས་ཨང་2000གི་སོན་བཟང་ཁྱབ་གདལ་བཏང་བས་ཆ་སྙོམས་ཐོན་འཕར་10%ཡན་ཟིན་པ་དང་། ཞིང་ཁུལ་གཙོ་བོའི་མུའུ་ཁྲི་12.5ཡི་སར་ནས་དང་། གྲོ པད་ཁ་སོགས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་དཔེ་སྟོན་ཁྱབ་གདལ་བཏང་བས་ཐོན་འཕར་10%ཡན་ཟིན་པ་དང་ལག་རྩལ་ཞབས་ཞུའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།

    ལྗོངས་ཞིང་ལས་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅེ་ཡིས། འདི་ལོ་ལྗོངས་ཞིང་འབྲོག་ཚན་རྩལ་སྡེ་ཚན་གྱིས“1488”ཀྱི་ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ནས་མུའུ་ཁྲི་80ཡི་སར་བོད་ནས་ཨང་2000གི་སྣ་ཁ་གསར་པ་ཁྱབ་གདལ་གཏོང་བའི་ལག་རྩལ་མཛུབ་ཁྲིད་དང་ལག་རྩལ་ཞབས་ཞུར་གཙོ་གནད་ཐོག་དམ་འཛིན་བྱེད་པ་དང་འབྲུ་རིགས་དང་པད་ཁའི་སྐྱེ་དངོས་ཐོན་མཐོ་འདེབས་གསོའི་ལག་རྩལ་འདུས་གྲུབ་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།