དབུ་ཤོག>གསར་འགྱུར།
  • ན་ནིང་བོད་ལྗོངས་སུ་ཕྱུགས་ཟོག་བཤས་གཏོང་ཚད་ཁྲི་660ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ   |     སྤེལ་དུས།  2015-02-17

    གསར་འགོད་པར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་རང་ལྗོངས་སུ་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་བར་སྔོན་རྩིས་བྱས་ན་ལོ་ཧྲིལ་པོར་ཕྱུགས་ཟོག་བཤས་གཏོང་ཚད་ཁྲི་660ཟིན་པ་དང་ཤ་རིགས་ཏུན་ཁྲི་32.6དང་དཀར་ཆུའི་རིགས་ཏུན་ཁྲི་35.5ཐོན་སྐྱེད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་རང་ལྗོངས་ཀྱིས་འབྲོག་ལས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་འབྲོག་ལས་ཀྱི་རིམས་འགོག་སྲུང་ཡོལ་དང་ཞབས་ཞུའི་མ་ལག་རིམ་བཞིན་བཙུགས་ཡོད། རང་སྐྱོང་ལྗོངས་དང་ས་ཁུལ་རིམ་པའི་ཕྱུགས་རིགས་སྨན་པའི་ཚོད་ལྟ་ཁང་འཛུགས་སྐྲུན་ཐད་ཤུགས་སྣོན་བརྒྱབ་པ་དང་། གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣའི་གཞི་རྩའི་གླ་ཕོགས་ཆེས་ཆེར་སྤར་བ། སྲོག་ཆགས་ཀྱི་རིམས་ནད་གལ་ཆེན་ལ་བཙན་ཐབས་ནད་འགོག་ཡོངས་ཁྱབ་ཐུབ་པ་བཅས་འབྲོག་ལས་ཐོན་སྐྱེད་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་པ་དང་། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བར་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་21.26དོན་འཁྱོལ་བྱས་པ། དབྱར་རྩྭ་དགུན་འབུ་འཐུ་བའི་དོ་དམ་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་དང་སྒྲིག་འགལ་ངང་འཐུ་བའི་སྣང་ཚུལ་ཐོན་མེད་པ། སྲོག་ཆགས་ཀྱི་རིམས་ནད་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་དང་། རྩྭ་ཐང་གི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ། གཞི་རྩའི་རྩྭ་ཐང་གི་དབྱེ་མཚམས་གཅོད་པ། རྩྭ་ཐང་ལྟ་སྐུལ་དོ་དམ་དང་སྲུང་སྐྱོང་། ཉ་ལས་ཁྲིམས་འཛིན་སོགས་ལས་དོན་ཏན་ཏིག་ངང་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།