དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་རྒྱལ་མཚམས་བརྒལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་300ལས་བརྒལ་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-16

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་ཕྱོགས་ས་ཁུལ་དང་ཐག་ཉེ་བའི་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་བོད་ལྗོངས་གཏོགས་ཁོངས་ཀྱི་དངུལ་རྩའི་སྒྲིག་གཞིས་ནེ་པ་ལ་སོགས་རྒྱལ་ཁབ་དབར་འབྲེལ་འདྲིས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་མཚམས་བརྒལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོ་འཕེལ་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་རེད། 2014ལོའི་ལོ་མཇུག་བར་བོད་ཀྱི་རྒྱལ་མཚམས་བརྒལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་བསྡོམས་རྩིས་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་303ཟིན་པའི་ནང་2014ལོའི་ལོ་ཧྲིལ་པོའི་རྒྱལ་མཚམས་བརྒལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་བསྡོམས་རྩིས་དངུལ་འབོར་སྒོར་དུང་ཕྱུར་95.16ཟིན་ནས་དུས་མཚུངས་ལས་9.17%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།