དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ལ་མཐོ་གསར་ལག་རྩལ་ཁེ་ལས་27ཟིན་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-15

    ཉེ་ཆར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་ནང་རང་ལྗོངས་ལ་མཐོ་གསར་ལག་རྩལ་ཁེ་ལས་འཕེལ་རྒྱས་སོང་བའི་རྣམ་པ་བཟང་པོ་ཞིག་མངོན་ཞིང་། ད་བར་ལྗོངས་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་27ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཟླ་8པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས《མཐོ་གསར་ལག་རྩལ་ཁེ་ལས་ཁས་ལེན་དང་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་བླང་བྱར་གཞིགས་ནས་2011ལོའི་ལོ་འཁོར་གྱི་རང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་13ལ་ཞིབ་དཔྱད་ཁས་ལེན་བྱེད་པའི་ལས་དོན་སྤེལ་རིང་། ཁེ་ལས་རང་ཉིད་ཀྱིས་དཔྱད་འཇོག་བྱེད་པ་དང་། རིགས་གཅིག་མཁས་པས་དཔྱད་འདེམས་བྱེད་པ། དཔྱད་འདེམས་ཨུ་ལྷན་གྱིས་ཁས་ལེན་བྱེད་པ་བརྒྱུད་ཁེ་ལས་9ལ་བསྐྱར་ཞིབ་ཁས་ལེན་བྱུང་བ་དང་ཆབས་ཅིག་རང་ལྗོངས་སུ་ཁེ་ལས་9མཐོ་གསར་ལག་རྩལ་ཁེ་ལས་སུ་ངོས་འཛིན་གསར་དུ་བྱེད་རིང་། ས་ཆ་དངོས་ལ་བརྟག་དཔྱད་དང་འདུན་ཞུའི་དཔྱད་གཞི་ཞིབ་དཔྱད་སོགས་བྱས་པ་བརྒྱུད་ཁེ་ལས་4ལ་ཐོག་མའི་ཞིབ་དཔྱད་དང་། རིགས་གཅིག་མཁས་པའི་དཔྱད་འདེམས། དཔྱད་འདེམས་ཨུ་ལྷན་གྱི་མོས་མཐུན་བཅས་བྱུང་ནས་རང་སྐྱོང་ལྗོངས་ཀྱིས་གསར་དུ་ཁས་ལེན་བྱས་པ་ད་ཆ་རྒྱལ་ཁབ་ཚན་རྩལ་པུའུ་ལ་ཞིབ་དཔྱད་ཆོག་མཆན་ཡོང་བར་བསྐྱལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།