དབུ་ཤོག>གསར་འགྱུར།
  • ​ ས་གཙང་ལྷད་མེད་ཐོན་ལས་ལ་བརྟེན་ནས་ལྷ་སའི་ཞིང་འབྲོག་ལས་རིགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-15

    2014ལོར་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞིང་འབྲོག་ལས་རིགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བས་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་36.6ཟིན་ནས“ཐོན་རྫས”ནས“སྤུས་རྟགས”བར་འཕོ་འགྱུར་གལ་ཆེན་བྱུང་བ་དང་། ཞིང་འབྲོག་ལས་ཀྱི་སྤུས་ཚད་བརྟན་པོའི་ངང་འཕར་རྒྱུར་སྣེ་ཁྲིད་ཐུབ་ཡོད་པ་རེད།

    འཆར་འགོད་ཀྱི་ཁྲིད་སྟོན་ལ་བརྟེན་ནས་ལྷ་སའི་རྫོང(ཆུས)ཁག་གིས་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་དང་། ཆུ་ཚད་དམའ་བ་དང་སྤུས་ཚད་གཅིག་པའི་འགྲན་རྩོད་ལས་གཡོལ་བས་རང་ངོས་ཀྱི་ཁྱད་ཆོས་ལྡན་པ་དང་ལེགས་ཆ་གསབ་རེས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆའི་ཁུལ་ཆགས་ཤིང་། ལོ་གཅིག་རིང་རྒྱུན་སྲིང་ལྷོད་མེད་ངང་འབད་བརྩོན་བྱས་པ་བརྒྱུད་ཁྲེང་ཀོན་ཆུས་དང་། སྟག་རྩེ་རྫོང་། ཆུ་ཤུར་རྫོང་བཅས་སུ་བཞོན་མ་གསོ་ཚགས་དཔེ་སྟོན་གྲོང་ཚོ་དང་། ཚད་ལྡན་ཁུལ་ཆུང་། དེང་རབས་འབྲོག་ར་བཅས་ཁྱད་ཆོས་སུ་བྱས་པའི་དཀར་ཆུའི་ལས་རིགས་འཕེལ་རྒྱས་ཀྱི་ལེགས་ཆའི་ཁུལ་ཆགས་པ་དང་།

    ལྷུན་གྲུབ་རྫོང་གིས་འབྲི་གཡག་དང་བལ་རྒྱུ་ཅུང་འཇམ་པའི་ལུག་གི་རྒྱུད་བཟང་ར་བར་བརྟེན་ཞིང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་དེང་རབས་འབྲོག་ལས་དཔེ་སྟོན་ཁུལ་གྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ། ཆུ་ཤུར་རྫོང་གིས་སྨན་རྩྭ་མཱ་ཁ་དང་། ས་དམ་གྱི་ཁམ་བུ། བོད་སྨན་གྱི་སྨན་རྒྱུ། རྒུན་འབྲུམ་སོགས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་སྐྱེད་དང་། ལས་སྣོན། བྲིན་ཚོང་བཅས་ལུ་གུ་བརྒྱུད་དུ་འཕེལ་རྒྱས་བཏང་བས་ཁྱད་ཆོས་མངོན་གསལ་དོད་པའི་དཔལ་འབྱོར་སྐྱེ་དངོས་ཐོན་ལས་ཁུལ་ཆགས་པ། སྙེ་མོ་རྫོང་གིས་བོད་བྱའི་རྒྱུད་པ་སྲུང་སྐྱོབ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་གསོ་ཚགས་དུད་ཆེན་དང་མཉམ་ལས་ཁང་འཕེལ་རྒྱས་བཏང་བ་བརྒྱུད་ཐོན་ལས་ཀྱི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་ཏེ་ལྷ་ས་གྲོང་ཁྱེར་གྱི་བོད་བྱ་གསོ་ཚགས་རྫོང་གལ་ཆེན་ལ་གྱུར་པ། སྟོད་ལུང་བདེ་ཆེན་རྫོང་གིས་སྒང་བདེ་གླིང་སྔོ་ཚལ་དང་མེ་ཏོག་ཐོན་སྐྱེད་རྟེན་གཞི་སྣེ་འདྲེན་དུ་བྱས་ཏེ་རྫོང་ཡོངས་ཀྱི་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་པས་ས་མཐོའི་ཁྱད་ལྡན་དེང་རབས་སྒྲིག་བཀོད་ཞིང་ལས་དཔེ་སྟོན་ཁུལ་ཆགས་པ་བཅས་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་གཙོ་ཁྲིད་ཐོན་ལས་ཆེ་གྲས་དགུ་སྐྱེད་སྲིང་ཤུགས་ཆེན་བྱས་པས་ས་གཙང་ལྷད་མེད་ཐོན་ལས་འདེབས་འཛུགས་ལས་རིགས་ཀྱི“གླིང་གཉིས་དང་ཁུལ་བརྒྱད”དང་གསོ་ཚགས་ལས་རིགས་ཀྱི“གླིང་གཅིག་དང་། ཁུལ་གཉིས། ཡུག་གསུམ”བཅས་ཀྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད།

    སྤུས་རྟགས་ཀྱིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་རྟགས་ལ་བརྟེན་ནས་ཐོན་ལས་དང་ཐོན་རྫས་ཀྱི་ལྟེ་བའི་རིན་ཐང་གཏོད་པ་དང་ས་གཙང་ལྷད་མེད་ཐོན་རྫས་ཀྱིས་ཁྲོམ་ར་བཟུང་ཚད་རྒྱ་ཆེར་བཏང་ཞིང་། ལྷ་ས་གྲོང་ཁྱེར་གྱིས་བྱེད་སྒོ་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་འོས་འཚམ་སྐབས“ལྷ་སའི་ས་གཙང”གི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཁྱབ་གདལ་བཏང་བས་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་ཕྱིན་པ་དང་རྒྱལ་ཁབ་ཕྱི་ནང་གི་ཚོང་པས་ལྷ་སར་མ་འཇོག་དང་བྱ་གཞག་དར་རྒྱས་གཏོང་རྒྱུའི་ཡིད་དབང་བཀུག་ཁར་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་གཏོང་ཆེད་གསོན་ཤུགས་འཕེལ་བ་དང་། སྟོབས་ཤུགས་གསར་པ་གོང་བུར་འགྲིལ་བ། “འཕུར་མཆོང་གི་གཤོག་ཟུང”བསྒར་བ་བཅས་རེད།

    མིག་སྔར་ལྷ་སའི་ས་གཙང་ལྷད་མེད་ཐོན་ལས་རྒྱལ་ཡོངས་ཀྱི་ཁྲོམ་རར་ཞུགས་པ་དང་། ཐོན་པའི་སྤོས་དང་རྒུ་རུམ་རྩམ་པ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོབ་ཐོན་རྫས་ལ་གྱུར་ཡོད་ཅིང་། 2014ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཁེ་ལས་89ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།