དབུ་ཤོག>གསར་འགྱུར།
  • ན་ནིང་རང་ལྗོངས་ཀྱིས་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་དུང་ཕྱུར་49བསྡུས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-15

    གསར་འགོད་པས་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར། 2014ལོའི་ལོ་འཁོར་དུ་བོད་ཀྱིས་ཁེ་ལས་ཀྱི་ཐོབ་ཁྲལ་མཛོད་འཇུག་བྱེད་ཚད་སྒོར་དུང་ཕྱུར་49ཟིན་པ་དེ་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར་15བྱུང་བ་དང་། འཕར་ཚད་43%ཟིན་ནས་ཁྲལ་བསྡུའི་གཞི་ཁྱོན་ཁྲལ་རིགས་ཁག་གི་ཨང་དང་པོར་སླེབས་པ་དང་ཡོང་འབབ་འཕར་ཚད་མྱུར་པོ་བྱུང་ཞིང་། དེའི་ནང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་16ཟིན་ནས་33%བཟུང་བ་དང་། སྡེབ་འཚོང་སིལ་འཚོང་ལས་རིགས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་12ཟིན་ནས་24%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།