དབུ་ཤོག>གསར་འགྱུར།
  • འདི་ལོ་རང་ལྗོངས་ཀྱི་དཔལ་འབྱོར་འཕར་བའི་དམིགས་ཚད་12%ལ་གཏན་འཁེལ་བྱས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-15

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2015ལོར་དཔལ་འབྱོར་འཕར་བའི་དམིགས་ཚད་སྔར་བཞིན་12%ཟིན་པ་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།

    2015ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་མངོན་པར་གཞིགས་ན། སྔོན་དཔག་ལྟར་ན་2014ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་925ཟིན་ནས་12%འཕར་བ་དང་། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་12.9%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་30.8%འཕར་བ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་14%འཕར་བ་བཅས་དཔལ་འབྱོར་གྱི་དམིགས་ཚད་འཕར་ཚད་དེ་དག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།