དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུས་ཁོངས་གཏོགས་ཚན་པས་འཕྲུལ་ཆས་ཅན་གྱི་ཁྲལ་འཇལ་སྒྲིག་ཆས་བེད་སྤྱོད་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-02-12

    ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་སྤྱི་ཟླ་གཉིས་པའི་ཚེས་གཅིག་ནས་བཟུང་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུས་ཁོངས་གཏོགས་ཀྱི་གྲོང་ཤར་དང་གྲོང་ནུབ།  གྲོང་བྱང་བཅས་ཁྲལ་དོན་ཡན་ལག་ཅུས་དང་།  སྟོད་ལུང་བདེ་ཆེན་རྫོང་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ཁྲལ་དོན་ཞབས་ཞུའི་ཚོམས་ཆེན་དུ་འཕྲུལ་ཆས་ཅན་གྱི་ཁྲལ་འཇལ་སྒྲིག་ཆས་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན།  འཕྲུལ་ཆས་ཅན་གྱི་འཁྲལ་འཇལ་སྒྲིག་ཆས་དེའི་དུས་རིམ་གོང་མའི་གསར་སྤེལ་རྣམ་གྲངས་ནང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་དང་།  ཟོག་འདྲེན་འཛིན་ཤོག་གི་དཔང་ཡིག་དང་ཁྲལ་འབབ་བསྡུ་ལེན་གྱི་ཚད་གཞི་ལས་བརྒལ་མེད་པའི་ཁྲལ་འཇལ་མཁན་ཚོས་པཱ་སེ་ཕྱིར་ལོག་དང་རྩིས་མེད།  མཚལ་ཡིག་མེད་པ་བཅས་ཀྱི་གནས་ཚུལ་འོག་ཁྲལ་འཇལ་སྒྲིག་ཆས་དེ་བརྒྱུད་གཱ་བེད་སྤྱོད་བྱེད་པ་སོགས་ཀྱི་ལས་སྒོ་གཉེར་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།