དབུ་ཤོག>གསར་འགྱུར།
  • ད་བར་བོད་ལྗོངས་སུ་ཁྲོམ་རའི་གཙོ་གཟུགས་དུད་ཚང་གིས་ཁེ་ལས་ཀྱི་ལོའི་ཆ་འཕྲིན་སྙན་ཞུ་སྤེལ་ཚད་བརྒྱ་ཆ་53.21ཟིན་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-02-12

    རང་ལྗོངས་སུ་སྤྱི་ལོ་2014ལོའི་ཟླ་བ་བཅུ་པར་རྒྱལ་ཡོངས་དང་དུས་གཅིག་ཏུ་ཁེ་ལས་ཀྱི་ལོའི་ཆ་འཕྲིན་སྙན་ཞུ་ཡོངས་བསྒྲགས་བྱེད་འགོ་ཚུགས་པ་དང་།  ད་བར་ལྗོངས་ཡོངས་སུ་ཁྲོམ་རའི་གཙོ་གཟུགས་དུད་ཚང་78000ལྷག་ཙམ་གྱིས་ཁེ་ལས་ཀྱི་ལོའི་ཆ་འཕྲིན་སྙན་ཞུ་སྤེལ་རྒྱུའི་རེ་ཞུ་བྱས་ཤིང་།  ལོའི་ཆ་འཕྲིན་སྙན་ཞུ་སྤེལ་ཚད་བརྒྱ་ཆ་53.21ཟིན་ཡོད་པ་རེད། འབྲེལ་ཡོད་ཚན་པས་ལས་སྒོའི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པ་དང་ཡོངས་བསྒྲགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ།  དུས་བཀག་ལྟར་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་འཛུགས་པ་དང་ཚོད་ལྟ་ལེགས་གྲུབ་བྱས་པ་མ་ཟད་སྔ་སྣུར་དུ་འཁོར་སྐྱོད་བྱས་ཤིང་།  ད་ཆ་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ལ་བལྟ་ཚད་མི་ཐེངས་ཁྲི་ཚོ་533ལས་བརྒལ་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན།  ཁེ་ལས་ཀྱི་ལོའི་ཞིབ་བཤེར་དེ་ལོའི་སྙན་ཞུ་ཡོངས་བསྒྲགས་ལ་བསྒྱུར་རྗེས།  ཁྲོམ་རའི་སྐོར་ཞིབ་དེ་གཙོ་གནད་ཟུར་འཐེན་ཞིབ་བཤེར་ལ་བསྒྱུར་ནས་ཆ་འཕྲིན་ཡོངས་བསྒྲགས་དང་ཆ་འཕྲིན་མཉམ་སྤྱོད།  ཡིད་རྟོན་གཅུན་འདོམས་བཅས་བྱེད་ཤུགས་ཆེ་རུ་བཏང་བ་དང་།  ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ཀྱིས་ལྟེ་བ་བྱེད་པའི་ལྟ་འདོམས་རྣམ་པ་གསར་པ་ཞིག་གྲུབ་བཞིན་ཡོད་པ་རེད།  ད་བར་ལྗོངས་ཡོངས་སུ་ཁྲོམ་རའི་གཙོ་གཟུགས་དུད་ཚང་78000ལྷག་ཙམ་གྱིས་ལོའི་སྙན་ཞུ་རེ་ཞུ་བྱས་པ་དང་།  ལོའི་སྙན་ཞུ་སྤེལ་ཚད་བརྒྱ་ཆ་53.21ཟིན་ཡོད་པའི་ནང་ཁེ་ལས་11900ཟིན་ནས།  ལོའི་སྙན་ཞུ་སྤེལ་ཚད་བརྒྱ་ཆ་49.38ཟིན་པ་དང་།  ཁེར་རྐྱང་བཟོ་ཚོང་དུད་ཚང་64200ཟིན་ནས་ལོའི་སྙན་ཞུ་སྤེལ་ཚད་བརྒྱ་ཆ་53.92ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།