གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལྷ་ས་གྲོང་ཁྱེར་གྱིས་བར་སྐོར་གནའ་གྲོང་གི་དྲང་བདེན་དངོས་ཟོག་ཉོ་སྒྲུབ་ཁྲོམ་གཞུང་འཛུགས་རྒྱུ་ཡིན་པ་དང་། གནའ་གྲོང་མཐའ་འཁོར་གྱི་དངོས་ཟོག་ཉོ་སྒྲུབ་ཁང་གི་དཔྱད་བསྡུར་དང་གདེང་འཇོག་ལ་དམིགས་ནས་དྲང་བདེན་དངོས་ཟོག་ཉོ་སྒྲུབ་ཁང་འདེམས་པ་དང་ཆབས་ཅིག《ཡུལ་སྐོར་དངོས་ཟོག་ཉོ་སྒྲུབ་ཁང་གི་དྲང་བདེན་ཁས་ལེན་ཡི་གེར》མིང་རྟགས་འགོད་དུའང་བཅུག་སྟེ་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུ་ཡིན་པ་རེད།
ལྷ་ས་གྲོང་ཁྱེར་གྱི་མི་རིགས་ལག་ཤེས་བཟོས་རྫས་མིག་སྔར་བོད་དུ་ཡོང་མཁན་ཡུལ་སྐོར་བས་ཉོ་སྒྲུབ་བྱེད་པའི་ཐོག་མའི་གདམ་གར་གྱུར་ཡོད་མོད། འོན་ཀྱང་ཡུལ་སྐོར་དངོས་ཟོག་ཉོ་སྒྲུབ་ཁང་ཁག་གཅིག་གིས་ཁེ་སྤོགས་ཁོ་ནའི་ཆེད་དུ་སྒྲིག་འགལ་ངང་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཡང་ཡང་ཕོག་གི་ཡོད། ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་སྲུང་སྐྱོབ་བྱ་ཆེད། ད་ལོ་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་གནའ་གྲོང་མཐའ་འཁོར་གྱི་དངོས་ཟོག་ཉོ་སྒྲུབ་ཁང་གི་དཔྱད་བསྡུར་དང་གདེང་འཇོག་ལ་དམིགས་ནས་དྲང་བདེན་དངོས་ཟོག་ཉོ་སྒྲུབ་ཁང་འདེམས་པ་དང་ཆབས་ཅིག《ཡུལ་སྐོར་དངོས་ཟོག་ཉོ་སྒྲུབ་ཁང་གི་དྲང་བདེན་ཁས་ལེན་ཡི་གེར》མིང་རྟགས་འགོད་དུའང་འཇུག་རྒྱུ་རེད།
ཁས་ལེན་ཡི་གེའི་ནང་དོན་ནི་ཚོང་ཟོག་གཉེར་སྐྱོང་བྱེད་མཁན་གྱིས་རང་རྟོགས་ངང་འོས་འགན་བསྒྲུབས་ནས་ཕྱིར་ཚོང་བྱེད་པའི་ཚོང་ཟོག་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའི་འགན་ལེན་བྱེད་པ་དང་། ཡུལ་སྐོར་དྲང་བདེན་དངོས་ཟོག་ཉོ་སྒྲུབ་ཁང་གི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་འགན་འཁུར་བ་གཙོ་བོའི་མི་སྒེར་གྱི་ཀུན་སྤྱོད་དང་ཡིད་རྟོན་ཡག་པོ་ཡོད་པ་དང་། མི་རྩ་བར་འཛིན་པའི་མི་གཤིས་ཅན་གྱི་གཉེར་སྐྱོང་འདུ་ཤེས་འཛུགས་ཐུབ་པ། དངོས་ཟོག་ཉོ་སྒྲུབ་ཁང་གིས་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ལ་སྣང་ཆེན་བྱས་ནས་སྤུས་ཚད་དང་ཡིད་རྟོན་ལེགས་པའི་འགན་ལེན་བྱེད་པ། ཐོན་རྫས་ཕྱིར་ཚོང་རྗེས་ཀྱི་ཞབས་ཞུའི་བྱ་ཐབས་སྔར་བས་འཐུས་ཚང་དུ་བཏང་ནས་ཐོན་རྫས་ཕྱིར་སློག་ལམ་ལུགས་དང་འཕྲལ་སྡོམ་སྔོན་ཇུས་འཛུགས་པ་བཅས་བྱ་རྒྱུ་རེད།