དབུ་ཤོག>གསར་འགྱུར།
  • གོང་དཀར་རྫོང་གི་སྤུས་ལེགས་ནས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས།

  • ཡོང་ཁུངས།  ​ བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-02-11

    ཁྱོན་མ་དངུལ་སྒོར་ཁྲི་ཚོ་3810བཏང་བའི་གོང་དཀར་རྫོང་གི་སྤུས་ལེགས་ནས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ནི་རྒྱལ་ཁབ་ཞིང་ལས་པུས་གཏན་འཁེལ་བྱས་པའི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་གྲས་ཤིག་ཡིན་པ་དང་།  རྣམ་གྲངས་དེ་རྒྱ་དྲུག་གླིང་གྲོང་རྡལ་རྒྱ་རི་གྲོང་ཚོ་དང་རྣམ་རྒྱལ་གླིང་གྲོང་ཚོ་ཨུ་ཡོན་ལྷན་ཁང་།  རྒྱ་རི་གྲོང་གསར་བཅས་སྲིད་འཛིན་གྲོང་ཚོ་གསུམ་གྱི་དུད་ཚང་750དང་མི་གྲངས་3375ལ་ཁྱབ་ཡོད་པ་རེད།  དགུན་དུས་ཞིང་ལས་དལ་བའི་སྐབས་དང་བསྟུན་ནས་གོང་དཀར་རྫོང་གིས་ས་རྒྱུ་ལེགས་བཅོས་ཀྱི་ལས་ཀ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་རྣམ་གྲངས་དེའི་དུས་རིམ་གོང་མའི་ལས་དོན་ཡོངས་སྤྱི་ཟླ་2པའི་ཟླ་དཀྱིལ་དུ་ལེགས་སྒྲུབ་ཐུབ་བཟོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།