
འདི་ནི་ལྷ་སའི་གྲོང་མིས་བོད་ལུགས་ཀྱི་ཆ་ཡིག་འདེམས་ཉོ་བྱེད་པའི་གནས་ཚུལ་ཡིན་པ།

འདི་ནི་གྲོགས་པོ་ཆུང་ཆུང་ཚེ་དབང་དངོས་གྲུབ་ཀྱིས་སོ་སོར་རག་པའི་དཔྱིད་གསར་ཆ་ཡིག་སྟོན་པའི་གནས་ཚུལ་ཡིན་པ།

འདི་ནི་ཟླ་2ཚེས་8ཉིན་ལྷ་སའི་གྲོང་མིས་ཉི་འོད་གླིང་ཕྲན་ཚོང་ཟོག་ཁྲོམ་ར་ནས་ལྒང་བཞུ་འདེམས་ཉོ་བྱེད་པའི་གནས་ཚུལ་ཡིན་པ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་ལྷ་སའི་འཁྲུག་ཆ་དོད་ཤོས་ཀྱི་བར་སྐོར་ཁྲོམ་གཞུང་དང་བར་སྐོར་ཚོང་གྲོང་སོགས་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུ་སྔར་བས་འཁྲུག་ཆ་དོད་དུ་ཕྱིན་ནས་རྩེ་སྒྲོ་དང་། ཕྱེ་མར་འབོ། སྙེ་མ། ལོ་གསར་མེ་ཏོག བྱི་རིལ། བོད་ལུགས་ཆ་ཡིག་སོགས་ལོ་གསར་གྱི་ཉེར་མཁོ་སྣ་ཚོགས་ཚོང་ཁང་གི་མངོན་གསལ་དོད་སར་སྒྲིག་ཡོད་པ་དང་། འཛད་སྤྱོད་པ་རྒྱུན་ཆད་རྒྱུ་མེད་པས་ལོ་གསར་གྱི་ཉེར་མཁོའི་དངོས་རྫས་ཀྱི་ཉོ་ཚོང་གཉིས་ཀའི་རྣམ་པ་རིམ་བཞིན་མངོན་པ་དང་ཆབས་ཅིག་དེས་ལྷ་སའི་དུས་ཆེན་གྱི་ཁྲོམ་རར་བཀྲ་ཤིས་པའི་རྣམ་པ་ཟབ་མོ་ཞིག་ཀྱང་བསྣན་ཞིང་།