དབུ་ཤོག>གསར་འགྱུར།
  • ​ བོད་ཀྱི་ས་མཚམས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་མཇུག་བསྡོམས་རྩིས་རྒྱག་དངུལ་གྲངས་སྒོར་དུང་ཕྱུར་300ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-02-08

    ཁྱིམ་མཚེས་རྒྱལ་ཁབ་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་ས་བབ་ལེགས་ཆར་བརྟེན་ནས་བོད་ཀྱི་ཁོངས་གཏོགས་ནང་གི་དངུལ་རྩའི་སྒྲིག་གཞིས་ནེ་པ་ལ་སོགས་རྒྱལ་ཁབ་དང་འབྲེལ་གཏུག་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་ས་མཚམས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོ་འཕེལ་རྒྱས་བརྟན་པོ་ཡོང་བ་བྱས་པ་རེད། 2014ལོའི་ལོ་མཇུག་བར་བོད་ཀྱི་ས་མཚམས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་རིམ་རྩིས་མཇུག་བསྡོམས་རྩིས་རྒྱག་དངུལ་གྲངས་སྒོར་དུང་ཕྱུར་303ཟིན་ཡོད་པ་རེད། དེའི་ནང་2014ལོ་ཧྲིལ་པོར་ས་མཚམས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་མཇུག་བསྡོམས་རྩིས་རྒྱག་དངུལ་གྲངས་སྒོར་དུང་ཕྱུར་95.16ཟིན་ནས་དུས་མཚུངས་ལས་9.17%འཕར་ཡོད་པ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་བློ་བཟང་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དེ་ཉིད་2010ལོའི་ཟླ་6པར་ས་མཚམས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་མཇུག་བསྡོམས་རྩིས་རྒྱག་གི་ཚོད་ལྟའི་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་གཏན་འཁེལ་བྱས་པ་ནས་བཟུང་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་ལོར་ཆུང་གྲས་ས་ཁོངས་ཀྱི་སྒོ་བྱང་འགེལ་བའི་ཚོད་ལྟ་ཧུར་ཐག་བྱས་ནས་ས་ཁོངས་ཕྱི་རོལ་དང་དངུལ་རྩའི་མཉམ་ལས་བྱེད་ཁྱོན་ཆེ་རུ་གཏོང་བ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཉེ་འཁོར་རྒྱལ་ཁབ་ཀྱི་ཉོ་ཚོང་དང་མ་འཇོག་ནང་ས་མཚམས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་མཇུག་བསྡོམས་རྩིས་རྒྱག་ཞབས་འདེགས་ཞུས་པས་ས་མཚམས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་མཇུག་བསྡོམས་རྩིས་རྒྱག་ལས་སྒོའི་ཐད་རྒྱུན་མཐུད་དང་མགྱོགས་མྱུར་འཕར་བའི་རྣམ་པ་ཞིག་མངོན་ཡོད་པ་རེད།

    གྲངས་གཞི་གསར་ཤོས་ལ་གཞིགས་ན། 2014ལོའི་ལོ་མཇུག་བར་བོད་ཀྱི་ས་མཚམས་ལས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་ནང་ཁེ་ལས་101ཡོད་པ་དང་ལོ་གོང་མ་ལས་ཁེ་ལས་27མང་དུ་ཕྱིན་ཡོད་པ་དང་། ལས་སྒོའི་ཐད་འགྲོ་འོང་བྱེད་ཁྱོན་དབྱི་ཐ་ལི་དང་། ཧྥ་རན་སེ། ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་17བར་རྒྱ་ཆེར་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།