ཉེ་ཆར་གསར་འགོད་པས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ཕྱོགས་སྡོམ་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2014ལོར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་44.1ཟིན་ནས་25%འཕར་བ་དང་། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་46.31ཟིན་ནས་22.26%འཕར་བ། སྤྱིར་བཏང་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་18.23ཟིན་ནས་10%འཕར་བ། གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་31.01ཟིན་ནས་18.7%འཕར་བ། བཟོ་ལས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་18.25ཟིན་ནས་125%འཕར་བ། བཟོ་ལས་ཀྱི་གནས་འཕར་རིན་ཐང་སྒོར་དུང་ཕྱུར་7.19ཟིན་ནས་200%འཕར་བ། ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་16.59ཟིན་ནས་41%འཕར་ཡོད་པ་རེད།